འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་20ཉིན།

༄༅།།ཛ་དྲག་ངང་མི་44825གནས་སྤོ་བྱས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་20ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་19ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5ནས་བཟུང་། སི་ཁྲོན་གྱི་རྔ་བ་དང་དཀར་མཛེས། ལེའང་ཧྲན། ཀོང་ཡོན་སོགས་ཁུལ་དང་གྲོང་ཁྱེར་16གི་ས་ཁུལ་ཁག་ཅིག་ཏུ་དྲག་ཆར་བབས་པ་རེད། དྲག་ཆར་བབས་པ་ལས་ས་གཤིས་གནོད་འཚེ་འབྱུང་སྲིད་པར་ཁ་གཏད་གཅོག་ཆེད། སི་ཁྲོན་གྱིས་མཚན་མོར་ཛ་དྲག་ངང་མི་44825གནས་སྤོ་བྱས་པ་རེད། 
     སི་ཁྲོན་ཞིང་ཆེན་གྱིས་ཁྱོན་ཉེན་གཡོལ་གནས་སྤོ་ཐེངས་2626སྒྲིག་འཛུགས་བྱས་པ་དང་། མང་ཚོགས་དུད་ཚང་14724ཡི་མི་གྲངས་44825གནས་སྤོ་བྱས། དེའི་ནང་ལེའང་ཧྲན་ཀྲོའུ་ཡི་དུད་ཚང་4132ཀྱི་མི་གྲངས་13699དང་། གཡག་རྔ་གྲོང་ཁྱེར་གྱི་དུད་ཚང་3451གི་མི་གྲངས་11748དང་། དཀར་མཛེས་ཁུལ་གྱི་དུད་ཚང་856གི་མི་གྲངས་3430དང་། དབྱི་པིན་གྲོང་ཁྱེར་གྱི་དུད་ཚང་743གྱི་མི་གྲངས་2195དང་། རྔ་བ་ཁུལ་གྱི་དུད་ཚང་668གྱི་མི་གྲངས་1862བཅས་བསྡོམས་པས་དུད་ཚང་14724ཡི་མི་གྲངས་44825གནས་སྤོ་བྱས། རྫོང་དང་ཆུས་138གྱི་མི་མངོན་པའི་རྐྱེན་ངན་གནས་2778དང་འབྲེལ་བ་ཡོད་པ་རེད།