འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་20ཉིན།

༄༅།།རྒྱལ་ཁབ་འདིར་ས་ཡོམ་རིམ་པ་7.7བྱུང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་20ཉིན། 14:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། མོ་ཞི་ཁོའི་རྒྱལ་ཁབ་ས་ཡོམ་ཅུས་ཀྱིས་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། ས་གནས་དེ་གའི་ཆུ་ཚོད་ཚེས་19ཉིན་གྱི་དུས་ཚོད་13དང་སྐར་མ་5ཡི་ཐོག་མོ་ཞི་ཁོར་ས་ཡོམ་དྲག་པོ་བྱུང་བ་རེད། མོ་ཞི་ཁོའི་རྒྱལ་ཁབ་ས་ཡོམ་ཅུས་ཀྱིས་དེ་སྔོན་ཚད་འཇལ་གཏན་འཁེལ་བྱས་པའི་ས་ཡོམ་རིམ་པ་ནི་རིམ་པ་7.4ཡིན་པ་དང་། དེ་རྗེས་རིམ་པ་7.7ལ་བསྒྱུར་ཡོད། ས་ཡོམ་ལྟེ་གནས་ནི་སྨི་ཆེ་ཁེན་མངའ་སྡེའི་ཁོ་ཨར་ཁོ་མན་གྲོང་ཁྱེར་ལྷོ་ངོས་ཀྱི་སྤྱི་ལེ་63གྱི་སར་གནས་པ་དང་། ཡོམ་ཁུངས་གཏིང་ཚད་སྤྱི་ལེ་15ཟིན་ཡོད།
     གནས་འཕྲིན་སྤེལ་བར་གཞིགས་ན། ཐེངས་འདིའི་ས་ཡོམ་གྱིས་འཛུགས་སྐྲུན་ལ་གནོད་སྐྱོན་བཟོས་ཏེ། གློག་ཆད་པ་དང་ས་ཡོམ་ཁྲོད་མི་1རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར་ཀྲུང་གོའི་སྤྱི་དམངས་ས་ཡོམ་ཁྲོད་ཤི་རྨས་བྱུང་བའི་སྙན་ཞུ་འབྱོར་མེད།