མི་དམངས་དྲ་བ།

༄༅།།《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན།《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་
ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས》ཞེས་པ་བཀོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་19ཉིན། 12:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་18པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
    གསུང་རྩོམ་ནང་ནན་བཤད་གནང་དོན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་བྱས་པའི་གྲུབ་འབྲས་ཤིག་ཡིན་ལ། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་མུ་མཐུད་བྱེད་པ་ཞིག་ཀྱང་ཡིན་པས་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་ཀྱི་གསར་བརྗེ་ཞིག་ལ་མཐར་ཐུག་གི་རྒྱལ་ཁ་འཐོབ་དགོས་ན་རྒྱུན་དུ་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་པོ་ཞིག་དགོས་པ་ལོ་རྒྱུས་དང་དོན་དངོས་ལས་ང་ཚོར་ཤེས་སུ་བཅུག་ཡོད། བསྐྱོད་ཟིན་པའི་ལམ་བུར་ཕྱིར་བལྟ་དང་། གཞན་གྱི་ལམ་བུ་དང་བསྡུར་བ། མདུན་སྐྱོད་ཀྱི་ལམ་བུར་རྒྱང་ལྟ་བཅས་བྱས་ཚེ། གཞི་ནས་ང་ཚོ་གང་ནས་ཡོང་བ་དང་གང་དུ་འགྲོ་དགོས་པ་གསལ་པོར་ཤེས་ཐུབ་པ་དང་། གནད་དོན་མང་པོ་ཞིག་གཞི་ནས་གཏིང་ཟབ་ཅིང་གནད་ལ་འཁེལ་བའི་ངང་མཐོང་ཐུབ།
   གསུང་རྩོམ་ནང་བསྟན་དོན། སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་ད་བར། ང་ཚོས་ཐོག་མཐའ་བར་གསུམ་དུ་ལག་ལེན་དང་འཚོལ་ཞིབ་དང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་འོག་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཐད་གསར་བརྗེ་རང་བཞིན་གྱི་འཕོ་འགྱུར་རབ་དང་རིམ་པ་བྱས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་པས་རང་རྒྱལ་གྱི་འཕེལ་རྒྱས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སུ་བསྙེགས་ཐུབ་པ་བྱུང་ཡོད། ཀྲུང་གོར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དེ་ཐོག་ནས་སྤྱི་ཚོགས་རིང་ལུགས་རྩ་མེད་དུ་སོང་མེད་ལ་རྩ་མེད་དུའང་འགྲོ་མི་སྲིད་པར་དེ་ལས་ལྡོག་ཏེ་དབྱར་མཚོ་རྒྱས་པ་ལྟར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་པ་གསལ་བཤད་ཐུབ་ཡོད། ཀྲུང་གོར་ཚན་རིག་སྤྱི་ཚོགས་རིང་ལུགས་ལེགས་གྲུབ་བྱུང་བ་དེས་མར་ཁེ་སི་རིང་ལུགས་དང་། ཚན་རིག་སྤྱི་ཚོགས་རིང་ལུགས། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། 

  
style="display:none;"