འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་16ཉིན།

༄༅།།ཀན་ལྷོ་ཁུལ་གྱིས་བོད་ལྗོངས་ལ་རིམས་འགོག་དངོས་ཟོག་སྒོར་ཁྲི་300བྱིན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་16ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ལྷིང་འཇགས་འཆམ་མཐུན་གྱི་རྣམ་པ་མེད་པར་བཟོས་པས། ཀན་ལྷོ་ཁུལ་གྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཟླ་9ཚེས་7ཉིན་གྱི་ཕྱི་དྲོར། ཀན་ལྷོའི་མི་རིགས་ཁག་གི་མི་དམངས་ཀྱིས་བརྩེ་སེམས་ཟབ་མོ་བཅངས་པའི་རིམས་འགོག་དངོས་ཟོག་རླངས་འཁོར་རུ་ཁག་དེ་གཙོད་གྲོང་ཁྱེར་ནས་ལམ་ལ་ཆས་ཏེ། ཟླ་9ཚེས་9ཉིན་དང་ཟླ་9ཚེས་10ཉིན་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་སོ་སོར་འབྱོར་བ་རེད། 
     ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་གཉིས་སོ་སོས་རིམས་འགོག་དངོས་ཟོག་གི་ཞལ་འདེབས་ལེན་པའི་མཛད་སྒོ་འཚོགས་ཤིང་། ལྷ་ས་གྲོང་ཨུའི་དྲུང་ཡིག་གཞོན་པ་ཕུར་བུ་ཚེ་རིང་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་བསོད་ནམས་དར་རྒྱས་མཛད་སྒོར་ཞུགས་ནས། གྲོང་ཁྱེར་གཉིས་ཀྱི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱེད་པའི་བརྩེ་སེམས་ཟབ་མོ་ཚོར་ཡོད་པ་དང་། ཀན་ལྷོའི་ལེ་དབར་སྟོང་གི་རོགས་སྐྱོར་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། 
     ཀན་ལྷོ་ཁུལ་གྱིས་རོགས་སྐྱོར་བྱས་པའི་རིམས་འགོག་དངོས་ཟོག་དེ་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་གཉིས་ཀར་སྤྲད་པ་མ་ཟད། གྲོང་ཁྱེར་དེ་གཉིས་ཀྱི་མི་དམངས་ལ་ཀན་ལྷོའི་བརྩེ་བ་ཟབ་མོའི་འཚམས་འདྲི་ཞུས་ནས་ནད་ཡམས་ལས་རྣམ་པར་རྒྱལ་རྒྱུའི་སྨོན་འདུན་ཞུས་པ་རེད། 
     ཀན་ལྷོ་ཁུལ་གྱིས་ད་རེས་ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་ལ་སྤྲད་པའི་རིམས་ནད་འགོག་བཅོས་དངོས་ཟོག་གི་རིན་ཐང་ཁྱོན་སྒོར་ཁྲི་300ཡིན་པ་རེད།