འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་15ཉིན།

༄༅།།རྒྱལ་ཁབ་འདིར་ཁུག་བྱི་ཡིས་མི་བསད་པའི་དོན་རྐྱེན་བྱུང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་15ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ས་གནས་དེ་གའི་དུས་ཚོད་ཟླ་9ཚེས་12ཉིན། ཨོ་སི་ཁྲུ་ལི་ཡའི་ལྷོ་ནུབ་རྒྱུད་ཀྱི་སྐྱེས་པ་ཞིག་ལ་ཁུག་བྱི་བ་ཡི་འཇབ་རྒོལ་ཐེབས་རྗེས་རྨས་སྐྱོན་ཚབས་ཆེན་ཕོག་ནས་ཚེ་ལས་འདས་པ་དང་། ཆག་སྒོ་སློང་མཁན་ཁུག་བྱི་བས་སྨན་དོན་མི་སྣ་རྨས་མའི་སར་བསྐྱོད་པ་བཀག་འགོག་བྱས་ཤིང་། སྨན་དོན་མི་སྣའི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་ཡོད་པས་ཉེན་རྟོག་པས་མེ་མདའ་བརྒྱབ་ནས་བསད་པ་རེད། འདི་ནི་1936ལོ་ནས་བཟུང་། ལོ་ངོ་86འགོར་བའི་རྗེས་སུ། ཨོ་སི་ཁྲུ་ལི་ཡར་ཁུག་བྱི་བས་མི་བསད་པའི་དོན་རྐྱེན་བྱུང་བ་ཐོག་མ་དེ་རེད། ཨོ་སི་ཁྲུ་ལི་ཡ་ལར་ཁུག་བྱི་ཁྲི་5000ལྷག་ཡོད། དེའི་གཟུགས་པོའི་རིང་ཚད་མཐོ་ཤོས་ལ་སྨི་2དང་ལྗིད་ཚད་ལ་སྤྱི་རྒྱ་90སླེབས་སྲིད། 1936ལོར་ཨོ་སི་ཁྲུ་ལི་ཡའི་སྐྱེས་པ་ཞིག་གིས་ཁུག་བྱིའི་ལག་ནས་རང་གི་ཁྱི་སྐྱོབ་རྩིས་བྱེད་སྐབས་འཇབ་རྒོལ་ཐེབས་ནས་མཐར་ཚེ་ལས་འདས་པའི་དོན་རྐྱེན་བྱུང་མྱོང་།