འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་14ཉིན།

༄༅།།འཕེན་གཏོང་ལེགས་འགྲུབ་བྱུང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་14ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།འཕེན་གཏོང་ལེགས་འགྲུབ་བྱུང་།
   མི་དམངས་དྲ་བའི་འཕྲིན། པེ་ཅིང་གི་དུས་ཚོད་2022ལོའི་ཟླ་9ཚེས་13ཉིན་གྱི་ཆུ་ཚོད་21དང་སྐར་མ་18ཐོག  རང་རྒྱལ་གྱིས་ཝུན་ཁྲང་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་བྱ་ཡུལ་དུ་རྒྱང་སྐྱོད་ཨང་བདུན་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་ཐོག་སྤྱད་དེ“ཀྲུང་ཞིན1E”རྟགས་ཅན་གྱི་སྲུང་སྐར་བདེ་བླག་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་རེད། སྲུང་སྐར་དེ་སྔོན་བཀོད་འཁོར་ལམ་དུ་བདེ་བླག་ངང་སྐྱོད་ཐུབ་པ་དང་འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། སྲུང་སྐར་དེ་གཙོ་བོ་སྤྱོད་མཁན་ལ་སྤུས་ཚད་མཐོན་པོའི་སྐད་སྒྲ་དང་། གཞི་གྲངས། རླུང་འཕྲིན་དང་བརྙན་འཕྲིན་བརྒྱུད་གཏོང་ཞབས་ཞུ་བཅས་མཁོ་འདོན་བྱ་རྒྱུར་སྤྱོད་ཀྱི་ཡོད་པ་རེད།
   ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་བདུན་པ་ཡའོ་ཝུའུ་མེ་ཤུགས་འཕུར་མདའ་ལ་བསྒྱུར་རྒྱུ་དང་། རྒྱུན་ཁེབས་ཚངས་ཐིག་ལ་སྨི་4.2བཅས་ཀྱི་གྲུབ་ཆའི་རྣམ་པ་སྤྱད་པ་དང་། མདའ་ཡོངས་ཀྱི་མཐོ་ཚད་ལ་སྨི་60.1ཡོད་ཅིང་། དེ་ནི་རྒྱང་སྐྱོད་ཁྱིམ་རྒྱུད་ཀྱི་མེ་ཤུགས་འཕུར་མདའ་མཐོ་ཤོས་དེ་ཡིན་པ་རེད།
༄༅།།འཕེན་གཏོང་ལེགས་འགྲུབ་བྱུང་།