འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་13ཉིན།

༄༅།།ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་93ལ་མྱ་ངན་ཞུས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་13ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་12ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན“9.5”ལྕགས་ཟམ་རྫོང་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང་གི་མདུན་སའི་མཉམ་འབྲེལ་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་11ཉིན་གྱི་ཆུ་ཚོད་17བར། ལྕགས་ཟམ་རྫོང་ས་ཡོམ་ཁྲོད་མི་93རྐྱེན་ལམ་དུ་ཤོར་བའི་ནང་དཀར་མཛེས་ཁུལ་དུ་མི་55 དང་གཡག་རྔ་རྫོང་དུ་མི་38རྐྱེན་ལམ་དུ་ཤོར་བ་རེད། གཞན་ཡང་མི་25འབྲེལ་བ་ཆད་པའི་ནང་ལྕགས་ཟམ་རྫོང་གི་མི་9དང་ཧྲི་མན་རྫོང་གི་མི་16ཡོད། 
     ཚེས་12ཉིན་གྱི་ཆུ་ཚོད་12དང་སྐར་མ་52ཐོག “‘9·5’ལྕགས་ཟམ་རྫོང་གི་ས་ཡོམ་རིམ་པ་6.8ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་ཟབ་མོ་ཞུ་བའི”མཛད་སྒོ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དང་གཡག་རྔ་གྲོང་ཁྱེར་གྱི་ཧྲི་མན་རྫོང་དུ་དུས་གཅིག་ཏུ་སྤེལ་བ་རེད། 
     མཛད་སྒོ་སྤེལ་ཡུལ་དུ་ཐོག་མར་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མྱ་ངན་སྐར་མ་3ཞུས་ནས་མཁའ་ཟོན་ཉེན་བརྡ་བཏང་བ་རེད། དེའི་རྗེས་སུ་ཞིང་ཆེན་དང་གྲོང་ཁྱེར(ཁུལ) རྫོང་གི་འབྲེལ་ཡོད་འགོ་ཁྲིད་དང་དེ་བཞིན་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་གི་འཐུས་མི་དང་། སྤྱི་བདེའི་མི་དམངས་ཉེན་རྟོག་པ་དང་།སྨན་དོན་མི་སྣ། དང་བླངས་པ། གཞི་རིམ་མང་ཚོགས་བཅས་ཀྱི་འཐུས་མི་སོགས་ཀྱིས་ས་ཡོམ་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་མེ་ཏོག་ཕུལ་བ་རེད།