འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་13ཉིན།

༄༅།།མོང་གོལ་གྱི་མེ་སྐྱོན་དེ་རང་རྒྱལ་མཐའ་མཚམས་སུ་མཆེད་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་13ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།མོང་གོལ་གྱི་མེ་སྐྱོན་དེ་རང་རྒྱལ་མཐའ་མཚམས་སུ་མཆེད་པ།
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་11ཉིན་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེར་གྲོང་ཁྱེར་གྱི་ཞིན་པའར་ཧུའུ་ཙུའོ་ཆི་ཧན་ཏ་ཀའེ་སུམ་ནོ་ཧན་ཀ་ཁྲ་མཐའ་མཚམས་ཀྱི་མོང་གོལ་རྒྱལ་ཁབ་ཕྱོགས་སུ་རྩྭ་སར་མེ་ཤོར་ནས། དྲག་རླུང་ཚ་བརྟེན་ནས་རང་རྒྱལ་གྱི་ཕྱོགས་སུ་མགྱོགས་མྱུར་ངང་མཆེད་པ་རེད།  
   མེ་སྐྱོན་བྱུང་རྗེས། ནང་སོག་ནགས་ཚལ་མེ་གསོད་སྤྱི་ཁྱབ་རུ་ཁག་གི་བཀའ་ལྟར། ཧུའུ་ལུན་པེར་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གིས་འཕྲལ་སྡོམ་དང་ལེན་ལམ་སྲོལ་མགྱོགས་མྱུར་ལག་ལེན་བསྟར་ནས། མདུན་ཕྱོགས་བཀོད་འདོམས་རུ་ཁག་དང་རུ་མི་མངགས་ཏེ་ཁྱོན་མི་66དང་རླངས་འཁོར་11བཏང་ནས། མོ་ཐུའོ་ཅན་གྱི་བྱ་ཐབས་སྤྱད་དེ་མེ་སྐྱོན་ཐོན་ཁུལ་དུ་སྐབས་བསྟུན་མདུན་སྐྱོད་བྱས་པ་དང་། དུས་མཚུངས་སུ་ཧའེ་ལར་དུ་བཅའ་སྡོད་ཚན་པ་གསུམ་གྱི་བཀོད་འཐབ་པ་265རིམ་པ་དང་པོའི་དམག་གྲབས་སུ་ཞུགས་ནས་གྲ་སྒྲིག་བྱས་ཏེ། དུས་ཐོག་ཏུ་རོགས་སྐྱོར་གྲ་སྒྲིག་བྱས་ནས་ནུས་ཤུགས་ཡོད་རྒུས་མཐའ་མཚམས་ཀྱི་མེ་སྐྱོན་བཀག་འགོག་བྱེད་རྒྱུ་རེད།
༄༅།།མོང་གོལ་གྱི་མེ་སྐྱོན་དེ་རང་རྒྱལ་མཐའ་མཚམས་སུ་མཆེད་པ།
༄༅།།མོང་གོལ་གྱི་མེ་སྐྱོན་དེ་རང་རྒྱལ་མཐའ་མཚམས་སུ་མཆེད་པ།