འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་9ཉིན།

༄༅།།ཨེ་ཤེ་ཡ་ཤར་མའི་དུས་སྔ་མའི་དེང་རབས་མིའི་སོའི་སྐོར་གྱི་ཤེས་རྟོགས་གསར་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་09ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་(ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཁང་)གི་ན་གཞོན་ཞིབ་འཇུག་པ་ཝུའུ་ཡན་གྱིས་སྣེ་ཁྲིད་པའི་ཞིབ་འཇུག་ཚོགས་པ་ཡིས་ཧུའུ་ནན་ཏའོ་རྫོང་གི་ཕུའུ་ཡན་ཏུང་གནའ་ཤུལ་ནས་ཐོན་པ་དང་། ད་བར་ཤེས་རྟོགས་བྱུང་བའི་ཨེ་ཤེ་ཡ་ཤར་མའི་དུས་སྔ་མའི་དེང་རབས་ཀྱི་མི་(ལོ་ཁྲི་8ནས་ཁྲི་12བར)ཡི་སོའི་འགྱུར་རྡོའི་ལས་སོའི་རྡེའུ་སྐྲན་བླངས་ནས་དབྱེ་ཞིབ་བྱས་པ་བརྒྱུད། ཨེ་ཤེ་ཡ་ཤར་མའི་དུས་སྔ་མའི་དེང་རབས་མིའི་རྩི་ཤིང་རིགས་ཀྱི་ཟས་རིགས་ཀྱི་ཐད་ཀའི་དཔང་རྟགས་གསར་ཤོས་ཤེས་རྟོགས་བྱུང་བ་མ་ཟད། སྐབས་དེ་དུས་ཀྱི་གནའ་བོའི་མིའི་རིགས་ལ་སོ་འདྲུ་སྲོལ་ཡང་ཡོད་པ་ཤེས་རྟོགས་ཐུབ་ཡོད། 
   ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བའི་གྲུབ་འབྲས་ཀྱི་དཔྱད་རྩོམ་གལ་ཆེན་དེ་རྒྱལ་སྤྱིའི་ཆེད་ལས་རིག་གཞུང་དུས་དེབ《རྩི་ཤིང་ཚན་རིག་གི་མདུན་གྲལ》ཞེས་པའི་ནང་བཀོད་ཡོད་པ་རེད། དེ་ནི་ཟླ་9ཚེས་7ཉིན། པེ་ཅིང་དུ་ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སུའོ་ཡི་དངོས་དཔེ་ཁང་གིས་ད་ཐེངས་ཞིབ་འཇུག་ཐད་སྤྱད་པའི་ཧུའུ་ནན་ཏའོ་རྫོང་ཕུའུ་ཡན་ཏུང་གནའ་ཤུལ་ནས་ཐོན་པ་དང་། ལོ་ཁྲི་8-12གོང་གི་ཨེ་ཤེ་ཡ་ཤར་མའི་དེང་རབས་མིའི་སོའི་འགྱུར་རྡོ་དངོས་དཔེ་སྔ་ཤོས་ཤིག་བསྟན་པ་རེད།