འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་9ཉིན།

༄༅།།རང་རྒྱལ་གྱིས་ཟླ་བའི་གོ་ལའི་སྟེང་གཏེར་རྫས་གསར་པ་རྙེད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་09ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་9ཉིན། རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་དང་རྒྱལ་ཁབ་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་པེ་ཅིང་དུ་ཟླ་བའི་ལྷ་མོ་ཨང་ལྔ་པའི་ཐོག་གི་ཚན་རིག་གྲུབ་འབྲས་གསར་ཤོས་ཁྱབ་བསྒྲགས་བྱས་པ་སྟེ། ཀྲུང་གོའི་ཚན་རིག་པས་ཐོག་མར་ཟླ་བའི་གོ་ལའི་སྟེང་གཏེར་རྫས་གསར་པ་རྙེད་ཡོད་ཅིང་དེར“ཟླ་བའི་ལྷ་མོའི་རྡོ”ཞེས་མིང་བཏགས་པ་རེད།
   གཏེར་རྫས་དེ་ནི་མིའི་རིགས་ཀྱིས་ཟླ་བའི་གོ་ལའི་ཐོག་གསར་རྙེད་བྱུང་བའི་གཏེར་རྫས་གསར་པ་རིགས་དྲུག་པ་ཡིན་ཞིང་། རང་རྒྱལ་ནི་འཛམ་གླིང་ཐོག་ཟླ་བའི་གོ་ལའི་ཐོག་གཏེར་རྫས་གསར་པ་རྙེད་པའི་རྒྱལ་ཁབ་ཨང་གསུམ་པར་གྱུར་ཡོད།
     “ཟླ་བའི་ལྷ་མོའི་རྡོ”ཡི་གྲུབ་ཆ་གཙོ་བོ་ཅི་ཞིག་ཡིན་པ་དང་། ཤེལ་གཟུགས་ཀྱི་གྲུབ་ཚུལ་ཅི་འདྲ་ཞིག་ཡིན་པ་ཤེས་འདོད་ཡོད་ན། བརྙན་ཐུང་འདིར་བལྟས་ན་རྒྱུས་ལོན་ཐུབ་ཀྱི་ཡོད།