༄༅།།ས་ཡོམ་ཁྲོད་མི་86རྐྱེན་ལམ་དུ་ཤོར་བ་དང་མི་35འབྲེལ་བ་ཆད།
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 09ཚེས་09ཉིན། 13:10】 (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)
མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་8ཉིན་གྱི་དགོང་མོར། “9·5”ལྕགས་ཟམ་རྫོང་གི་ས་ཡོམ་གྱི་ཡོམ་འགོག་རྒུད་སྐྱོབ་ཞིང་ཆེན(ཁུལ)དང་རྫོང་བཅས་ཀྱི་མདུན་སའི་མཉམ་འབྲེལ་བཀོད་འདོམས་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཞི་པ་གཡག་རྔ་གྲོང་ཁྱེར་ཧྲི་མན་རྫོང་དུ་འཚོགས་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྡ་ཁྱབ་བཏང་བར་གཞིགས་ན། ཚེས་8ཉིན་གྱི་ཆུ་ཚོད་12བར། ས་ཡོམ་ཁྲོད་མི་86རྐྱེན་ལམ་དུ་ཤོར་བ(ལྕགས་ཟམ་རྫོང་གི་མི་50དང་ཧྲི་མན་རྫོང་གི་མི་36ཡོད་པ)དང་། མི་35འབྲེལ་བ་ཆད་པ། མི་400ལྷག་ཙམ་ལ་རྨས་སྐྱོན་ཕོག་པ(དེའི་ནང་མི་13ལ་རྨས་སྐྱོན་ཕོག་པ་དང་མི་39ལ་རྨས་སྐྱོན་ལྕི་མོ་ཕོག་པ)བཅས་དང་། མིག་སྔར་སྨན་ཁང་དུ་མི་250ལྷག་ཙམ་ལ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།