འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་8ཉིན།

༄༅།།ལོ་14གོང་གི་ས་ཡོམ་སྐབས་བསྐྱབས་པའི་བྱིས་པ་དེས་ལྕགས་ཟམ་རྫོང་གི་ས་ཡོམ་ལ་རོགས་སྐྱོབ་བྱས་པ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་08ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་སི་ཁྲོན་ལྕགས་ཟམ་རྫོང་གི་ས་ཡོམ་རོགས་སྐྱོབ་ཡུལ་དངོས་ནས་བླངས་པའི་འདྲ་པར་ཞིག་རེད། བློ་སྤོབས་ཆེན་པོའི་ངང་རོགས་སྐྱོབ་ལ་ཞུགས་པའི་ཕོ་གསར་དེས་ཕྲུ་གུ་དམར་འབྱར་ཞིག་པང་ཡོད།
འདི་ནི་སི་ཁྲོན་ལྕགས་ཟམ་རྫོང་གི་ས་ཡོམ་རོགས་སྐྱོབ་ཡུལ་དངོས་ནས་བླངས་པའི་འདྲ་པར་ཞིག་རེད། བློ་སྤོབས་ཆེན་པོའི་ངང་རོགས་སྐྱོབ་ལ་ཞུགས་པའི་ཕོ་གསར་དེས་ཕྲུ་གུ་དམར་འབྱར་ཞིག་པང་ཡོད། 
   ཟླ་9ཚེས་6ཉིན། རྔ་བ་ནགས་ཚལ་མེ་ཟོན་རུ་ཁག་ཝུན་ཁྲོན་རུ་ཁག་འབྲིང་བའི་རུ་མི་ཀྲང་ཙེ་ལི་ཡིས་ལྕགས་ཟམ་རྫོང་དེ་ཐའོ་གྲོང་རྡལ་ཝན་ཏུང་གྲོང་ཚོ་ནས་བསྐྱབས་པའི་ཟླ་2ལྷག་ཟིན་པའི་ཕྲུ་གུ་ཞིག་པང་དུ་པང་བ་རེད།  ཁོའི་དཔུང་རྟགས་ངོར་“ཝུན་ཁྲོན”ཞེས་ཡི་གེ་དེ་མཐོང་དུས། དྲ་གྲོགས་མང་པོ་སེམས་འགུལ་ཐེབས་ནས་མིག་ཆུ་དབང་མེད་དུ་ཤོར། 
   ལོ་ངོ་14གོང་དུ་ཁོ་ཡང་བྱིས་པ་ཞིག་རེད། ཡིན་ནའང་། འདི་ནི་གཅིག་རྗེས་གཅིག་གིས་འཛིན་པའི་དཔེ་བཞིན་རེད། 
   “ཝུན་ཁྲོན་ཇོ་ཇོ”ཀྲང་ཙེ་ལི་2002ལོའི་ཟླ་1པར་སྐྱེས། རྔ་བ་ཁུལ་མའོ་རྫོང་ནས་རེད། ད་ལོའི་ཟླ་5པར་ནགས་ཚལ་མེ་ཟོན་རུ་ཁག་ཏུ་ཞུགས་ཤིང་། རུ་ཁག་ཏུ་ཞུགས་ནས་ཟླ་4མིན་འགོར་མེད་རུང་ཀོང་ཨན་ལིན་ཧྲུའུ་དང་། ལུའུ་ཀྲོའུ་ཧོ་ཅང་ནགས་ཚལ་མེ་གསོད་རོགས་སྐྱོབ་དང་། ད་ཐེངས་ཀྱི་ལྕགས་ཟམ་རྫོང་གི་ས་ཡོམ་རོགས་སྐྱོབ་བཅས་ལ་ཞུགས་པ་རེད། 
   2008ལོའི་ཝུན་ཁྲོན་ས་ཡོམ་སྐབས། ཀྲང་ཙེ་ལི་ལོ་རིམ་དང་པོ་ཡིན་ཞིང་། ཁྱིམ་ནང་གི་ཁང་པ་ཡང་བརྡིབས་པ་རེད། ཁོ་དང་ཁྱིམ་མི་རྣམས་ཀྱང་བཅིངས་འགྲོལ་དམག་དང་མེ་ཟོན་རུ་མིས་རོགས་སྐྱོར་འོག་དཀའ་ངལ་ལས་ཐར་བ་རེད།   ཁོར་བག་ཆགས་ཆེས་ཟབ་པ་ཞིག་ནི་ཐད་འཕུར་གནམ་གྲུས་མཁའ་ཐོག་ནས་རོགས་སྐྱོར་དངོས་རྫས་འཕངས་པ་དེ་ཡིན་ཞེས་བཤད། 
   ད་ཆར་ནར་སོན་པའི་ཀྲང་ཙེ་ལི་ཡང་སྔོན་ཆད་ཁོ་ལ་རོགས་སྐྱོབ་བྱེད་མཁན་གྱི་མི་ཚོགས་ཀྱི་གྲས་ཞིག་ཏུ་གྱུར་ཡོད་ལ། མི་དེ་དག་གིས་སྐབས་དེ་དུས་བསྒྲུབས་པའི་བྱ་བ་ཡང་སྒྲུབ་བཞིན་ཡོད། 
ཝུན་ཁྲོན་ཇོ་ཇོ། ཐུགས་རྗེ་ཆེ་ཞུ། 
ཁྱེད་རྣམ་པ་བདེ་ཐང་ངང་ཕྱིར་ཕེབས་པའི་སྨོན་འདུན་ཞུ།
ཝུན་ཁྲོན་ཇོ་ཇོ། ཐུགས་རྗེ་ཆེ་ཞུ། 
ཁྱེད་རྣམ་པ་བདེ་ཐང་ངང་ཕྱིར་ཕེབས་པའི་སྨོན་འདུན་ཞུ།