འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་8ཉིན།

༄༅།།གྲོང་ཁྱེར་དང་ཁུལ་འདི་གསུམ་གྱི་མི་21191ཛ་དྲག་ངང་གནས་སྤོ་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་08ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་7ཉིན་གྱི་ཆུ་ཚོད་17ནས་བཟུང་། སི་ཁྲོན་དཀར་མཛེས་ཁུལ་དང་། གཡག་རྔ་གྲོང་ཁྱེར། ལེང་ཧྲན་ཁུལ་བཅས་གྲོང་ཁྱེར་དང་ཁུལ་3གྱི་ས་ཆ་ཁག་ཅིག་ཏུ་དྲག་ཆར་བབས་ཡོད། ས་གནས་དེ་གའི་མི་21191ཛ་དྲག་ངང་གནས་སྤོས་བྱས་པ་རེད། ས་གནས་ཁག་གིས་ས་གཤིས་ཀྱི་གནོད་སྐྱོན་སྙན་སེང་ཞུས་མེད།
     ཚེས་7ཉིན་གྱི་ཆུ་ཚོད་17ནས་ཚེས་8ཉིན་གྱི་ཆུ་ཚོད་7དང་སྐར་མ་30ཡི་ཐོག དཀར་མཛེས་ཀྱི་ས་ཆ་མང་ཆེ་བར་ཆར་ཆུང་ནས་ཆར་འབྲིང་བར་བབས་ཤིང་། དེའི་ནང་ལི་ཐང་དང་འབའ་ཐང་རྫོང་གཉིས་ཀྱི་ཤང་གྲོང་ཁག་ཅིག་དང་། འདབ་པ་རྫོང་དང་དར་མདོ་རྫོང་བཅས་ཤང་གྲོང་ཁག་ཅིག་ཏུ་ཆར་པ་ཆེན་པོ་བབས་ཡོད། གཡག་རྔའི་ས་ཆ་མང་ཆེ་བར་ཆར་ཆུང་ནས་ཆར་འབྲིང་བབས་པ་དང་། ཆར་བ་བབས་ཚད་ཆེ་ཤོས་ནི་དཀར་མཛེས་ཁུལ་ལི་ཐང་རྫོང་གེ་མོ་ཤང་དུ་ཐོན་ཡོད། 
     དྲག་ཆར་བབས་རྐྱེན་ས་གཤིས་ཀྱི་གནོད་འཚེ་ཐོན་སྲིད་པའི་འཇིགས་སྐུལ་ལ་ཁ་གཏད་གཅོག་ཆེད། སི་ཁྲོན་ཞིང་ཆེན་གྱིས་ཁྱོན་ཉེན་གཡོལ་གནས་སྤོ་358སྒྲིག་འཛུགས་བྱས་ནས། མང་ཚོགས་དུད་ཚང་6014ཡི་མི་21191གནས་སྤོ་བྱས་པ་དེའི་ནང་གཡག་རྔ་གྲོང་ཁྱེར་གྱི་དུད་ཚང་5102ཡི་མི་17606དང་། དཀར་མཛེས་ཁུལ་གྱི་དུད་ཚང་893གྱི་མི་3525 ལེང་ཧྲན་ཁུལ་གྱི་དུད་ཚང་19ཡི་མི་60བཅས་ཡོད། དེ་དག་རྫོང(གྲོང་ཁྱེར་དང་ཆུས)15ཡི་མི་མངོན་པའི་རྐྱེན་ངན་གནས་494དང་འབྲེལ་བ་ཡོད་པ་རེད།