འཚོལ་བཤེར།   
藏文频道
2022ལོའི་ཟླ་9ཚེས་5ཉིན།

༄༅།།མཚོ་སྔོན་གྱིས་ཁྱད་ལྡན་ངལ་ནུས་ཀྱི་སྤུས་རྟགས་བརྟན་བགྲོད་ཕུགས་འཁྱོལ་ཡོང་བར་སྐུལ་འདེད་
མྱུར་པོ་གཏོང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 09ཚེས་05ཉིན། 10:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་གསལ། གོང་ཚེས་ཉིན། མཚོ་སྔོན་ཞིང་ཆེན་གྱིས《འཐེན་ཐུག་སོགས་ཁྱད་ལྡན་ངལ་ནུས་ཀྱི་སྤུས་རྟགས་འཕེལ་རྒྱས་བརྟན་པོ་དང་ལས་ཞུགས་ལས་གཏོད་རྒྱ་ཆེར་གཏོང་བར་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》ཞིབ་འཇུག་བྱས་ནས་བཟོས་པ་རེད།
   《ལག་བསྟར་ཇུས་གཞིའི》ནང་ཕྱོགས་གསུམ་ཐད་ཀྱི་དམིགས་ཚད་ལས་འགན་13བཏོན་པ་སྟེ། གཅིག་ནས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ངལ་ནུས་སྤུས་རྟགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ལས་ཞུགས་ལས་གཏོད་ཀྱི་བར་མཐོངས་ཡངས་སུ་གཏོང་དགོས་ཤིང་། སྲོལ་རྒྱུན་གྱི་ངལ་ནུས་སྤུས་རྟགས་གསར་གཏོད་དང་། འཕེལ་རྒྱས། སྲ་བརྟན། རྒྱ་སྐྱེད་བཅས་གཏོང་བ་དང་། ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གསར་དར་ངལ་ནུས་སྤུས་རྟགས་སྐྱེད་སྲིང་བྱེད་པ། དངུལ་རྩའི་ཞབས་ཞུ་ལེགས་སུ་བཏང་ནས་ངལ་ནུས་སྤུས་རྟགས་ཁེ་ལས་ཀྱི་དངུལ་བུན་ཁྱབ་ནུས་རང་བཞིན་ཆེ་རུ་གཏོང་བ། ངལ་ནུས་སྤུས་རྟགས་ཁེ་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཀྱི་ཕན་པ་འདོན་སྤེལ་གང་ལེགས་བྱེད་པ། སྤུས་རྟགས་རྩེ་གྲ་སྐྱེད་སྲིང་བྱས་ཏེ་ཁྱད་ལྡན་ངལ་ནུས་སྤུས་རྟགས་ཀྱི་གཟུགས་བརྙན་ལེགས་སུ་གཏོང་བ་བཅས་བྱེད་དགོས། གཉིས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ་ངལ་ནུས་སྤུས་རྟགས་ཀྱི་ནང་ངོས་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ལས་ཞུགས་ལས་གཏོད་ཀྱི་རྟིང་ཤུགས་བརྟན་དུ་གཏོང་དགོས་ཤིང་། ངལ་ནུས་སྤུས་རྟགས་ཀྱི་ལས་ཞུགས་མི་སྣའི་རྩལ་ནུས་མཐོར་གཏོང་གི་གསོ་སྦྱོང་ཤུགས་ཆེན་བྱེད་པ་དང་། ངལ་ནུས་སྤུས་རྟགས་ཀྱི་ལས་གཏོད་མི་སྣའི་དོ་དམ་ནུས་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ངལ་ནུས་སྤུས་རྟགས་ཀྱི་རྩལ་ནུས་ཤེས་ལྡན་མི་སྣའི་གདེང་འཇོག་ལས་དོན་ཡག་པོ་སྒྲུབ་པ། ངལ་ནུས་སྤུས་རྟགས་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་བྱེད་སྒོ་སྤེལ་བ་བཅས་བྱེད་དགོས། གསུམ་ནས་སྦྲེལ་མཐུད་ཞབས་ཞུར་སྐུལ་འདེད་བཏང་སྟེ་ངལ་ནུས་སྤུས་རྟགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ་དང་ལས་ཞུགས་ལས་གཏོད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས་ཤིང་། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུ་ཧུར་ཐག་བསྒྲུབས་ཏེ“དྲ་སྦྲེལ+”ལ་བརྟེན་ནས་མི་དང་ལས་གནས་གནད་སྨིན་མཐུན་སྒྲིག་ཡོང་བར་སྐུལ་འདེད་གཏོང་བ་དང་། ངལ་ནུས་སྤུས་རྟགས་ཀྱི་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཡག་པོ་སྒྲུབ་པ། “མཚོ་སྔོན་གྱི་འཐེན་ཐུག”སོགས་ཞིང་ཆེན་ཕྱིའི་ལས་གཏོད་མི་སྣའི་ཞབས་ཞུར་སྦྲེལ་མཐུད་དང་། མཐུན་སྦྱོར། ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།