འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་31ཉིན།

༄༅།།ཨ་རི་དང་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་སྤེལ་བའི་པར་རིས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་31ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཨ་རི་དང་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་སྤེལ་བའི་པར་རིས།
   མི་དམངས་དྲ་བའི་འཕྲིན། ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བ་ནས་ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་30ཉིན་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་ཅུས་དང་ཡོ་རོབ་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་མཉམ་ལས་ཐོག་གསར་སྤེལ་བྱས་པའི་ཧ་པོ་རྒྱང་ཤེལ་དང་ཇེམ་སི·ཝེ་པོ་རྒྱང་ཤེལ་གྱིས་ཉེ་དུས་འཕྲུལ་སྣང་སྐར་ཁྱིམ་གྱི་པར་རིས་གསར་པ་ཤེས་རྟོགས་ཐུབ་ཡོད། སྐར་ཁྱིམ་མ་ལག་དེའི་དངོས་མིང་ལ་M74ཟེར་བ་དང་། དེ་ནི་སའི་གོ་ལ་དང་བར་ཐག་སྤྱི་ལེ་ཁྲི་3200ཡོད་པའི་ཉ་ཟུང་སྐར་ཚོམ་དུ་གནས་ཡོད། 
ཤེས་རྟོགས་བྱུང་བར་གཞིགས་ན། M74སྐར་ཁྱིམ་ནི་བརྟན་སྐར་དུང་ཕྱུར་1000ཙམ་དང་དཔུང་བ་ཆ་འགྲིག་ཁག་2ལས་གྲུབ་པ་ཞིག་ཡིན་ལ། དེ་ལ་ད་དུང་སྤྱི་ཁོག་དུང་འཁྱིལ་སྐར་ཁྱིམ་ཞེས་ཀྱང་བརྗོད་ཀྱི་ཡོད།