འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་27ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ཉེར་གསུམ་པ། གཞིས་བདག་གིས་གཞིས་ལས་གྲོན་དངུལ་མ་སྤྲད་
ན་གཞིས་ལས་ཀུང་སི་ལ་ཆུ་དང་གློག་གཅོད་དབང་ཡོད་དམ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་27ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་ཉེར་གསུམ་པ། གཞིས་བདག་གིས་གཞིས་ལས་གྲོན་དངུལ་མ་སྤྲད་
ན་གཞིས་ལས་ཀུང་སི་ལ་ཆུ་དང་གློག་གཅོད་དབང་ཡོད་དམ།
གྱོད་གཞི།

   གཞིས་བདག་ཨ་ཅག་ཝང་ལགས་གཞིས་ལས་ཞབས་ཞུའི་ཐད་བསམ་འཆར་ཡོད་པའི་དབང་གིས་གཞིས་ལས་ཀྱི་གྲོན་དངུལ་མ་སྤྲད་ཅིང་། གཞིས་ལས་ཀུང་སིས་གཞིས་ལས་ཀྱི་གྲོན་དངུལ་བསྡུ་ཆེད། ཨ་ཅག་ཝང་ལགས་ཚང་གི་ཆུ་གློག་གཉིས་ཀ་བཅད་པ་རེད། གཞིས་ལས་ཀུང་སིའི་བྱེད་སྟངས་དེ་འགྲིག་ཡོད་དམ། 

གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད། 

   དེ་ནི་འགྲིག་མི་འདུག དམངས་དོན་ཁྲིམས་གཞུང་དོན་ཚན་བརྒྱ་དང་ཞེ་བཞི་པའི་ནང་གཏན་འབེབས་བྱས་དོན། གཞིས་བདག་གིས་ཆིངས་འགལ་གྱིས་དུས་བཀག་ཡོལ་རུང་གཞིས་ལས་ཀྱི་གླ་ཆ་རྩིས་སྤྲོད་མི་བྱེད་ཚེ། གཞིས་ལས་ཞབས་ཞུ་སྒྲུབ་མིས་དེར་ལུགས་མཐུན་གྱི་དུས་བཀག་ནང་དུ་སྤྲོད་དགོས་པའི་སྐུལ་བརྡ་བཏང་ཆོག ལུགས་མཐུན་གྱི་དུས་བཀག་ལོངས་རུང་ད་དུང་རྩིས་སྤྲོད་མི་བྱེད་ཚེ། གཞིས་ལས་ཞབས་ཞུ་སྒྲུབ་མིས་ཞུ་གཏུག་བྱེད་པའམ་འདུམ་གཅོད་བྱེད་དགོས་པའི་རེ་འདུན་ཞུས་ཆོག 
    གཞིས་ལས་ཞབས་ཞུ་སྒྲུབ་མིས་གློག་དང་ཆུ། ཚ་དྲོད། འབར་རླངས་སོགས་མཁོ་འདོན་བྱེད་མཚམས་འཇོག་པའི་ཐབས་ཀྱིས་གཞིས་ལས་གླ་ཆ་འདེད་ལེན་བྱས་མི་ཆོག