འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་24ཉིན།

༄༅།།སྣུམ་རིན་སླར་ཡང་ཆག་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་24ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྣུམ་རིན་སླར་ཡང་ཆག་འདུག
   མི་དམངས་དྲ་བའི་འཕྲིན། ཚེས་23ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་དུས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་རིན་འགྱུར་ལྡོག་འགྲོ་ཚུལ་ལ་གཞིགས་ནས་ད་ལྟ་ལག་བསྟར་བྱེད་བཞིན་པའི་བཅོས་སྣུམ་གྱི་རིན་གོང་གྲུབ་པའི་ལམ་སྲོལ་གཞིར་བཟུང་། 2022ལོའི་ཟླ་8ཚེས་23ཉིན་གྱི་ཆུ་ཚོད་24པ་ནས་བཟུང་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་སོ་སོའི་རིན་གོང་ཏུན་རེར་སྒོར་205དང་སྒོར་200མར་ཕབ་ཡོད་ཅེས་བཤད། 
   འདི་ནི་ད་ལོ་ཚུན་དུ་རང་རྒྱལ་གྱིས་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་མར་ཕབ་ཐེངས་དྲུག་པ་དེ་ཡིན་ལ། ཟླ་6ཚེས་28ཉིན་ནས་བཟུང་བསྟུད་མར་ཕབ་ཐེངས་ལྔ་པ་དེའང་ཡིན་པ་རེད། ད་ཐེངས་སྣུམ་གོང་ལེགས་སྒྲིག་བྱས་མཐར་ཧྲེང་རེར་སྒོར་0.16ཙམ་མར་ཕབ་ཡོད་ཅིང་། རླངས་འཁོར་འགྲོ་སྐྱོད་ཀྱི་མ་གནས་དང་ཟོག་འགྲེམས་སྐྱེལ་འདྲེན་གྱི་མ་གནས་སྔར་བས་དམའ་རུ་འགྲོ་རྒྱུ་རེད།