འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་24ཉིན།

༄༅།།པེ་ཅིང་གིས་ཡུལ་ཤུལ་གྱི་རིམས་འགོག་ལས་དོན་ལ་རོགས་སྐྱོར་བྱས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་24ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།པེ་ཅིང་གིས་ཡུལ་ཤུལ་གྱི་རིམས་འགོག་ལས་དོན་ལ་རོགས་སྐྱོར་བྱས།
  མི་དམངས་དྲ་བའི་འཕྲིན། ཡུལ་ཤུལ་ཁུལ་ནི་པེ་ཅིང་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཡིན་ཞིང་། རིམས་ནད་ཐོན་པ་ནས་བཟུང་པེ་ཅིང་གྲོང་ཁྱེར་གྱིས་ཡུལ་ཤུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད། ཡུལ་ཤུལ་ཁུལ་གྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་རེ་ཞུ་འབྱོར་རྗེས། པེ་ཅིང་གྲོང་ཁྱེར་གྱིས་འཕྲལ་དུ་བྱ་སྤྱོད་སྤེལ་ནས་པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་པེ་ཅིང་སྨན་ཁང་དང་། པེ་ཅིང་ཐུང་རེན་སྨན་ཁང་། གྲོང་ཁུལ་གྱི་རིམ་པ་གཉིས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་བཅས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་ཁྱོན་22ལས་གྲུབ་པའི་རོགས་སྐྱོར་ཚོགས་པ་བཙུགས་པ་རེད།    
   ཤེས་རྟོགས་བྱུང་བར་གཞིགས་ན། པེ་ཅིང་སྨན་བཅོས་རོགས་སྐྱོར་གྱི་རིགས་གཅིག་མཁས་ཅན་ཚོགས་པ་ཡུལ་ཤུལ་དུ་འབྱོར་རྗེས། ཡུལ་ཤུལ་ཁུལ་ལ་རོགས་རམ་བྱས་ཏེ་ཕན་འབྲས་ཆེ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་འདོམས་དོ་དམ་མ་ལག་བཙུགས་ནས། ཡུལ་ཤུལ་ཁུལ་ལ་དེ་བས་ཚན་རིག་དང་མཐུན་ལ་ཕན་འབྲས་ཆེ་བའི་ཉིང་སྐྱུར་ཞིབ་དཔྱད་ལས་དོན་དང་འཁོར་སྐྱོད་བརྟག་དཔྱད་ལས་དོན་སྤེལ་རྒྱུར་མཛུབ་ཁྲིད་བྱ་རྒྱུ་རེད།
   ད་ཐེངས་ཀྱི་རིམས་ནད་ཐོན་རྗེས། པེ་ཅིང་གིས་མཚོ་སྔོན་ཡུལ་ཤུལ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་མདུན་ཕྱོགས་བཀོད་འདོམས་པུས་ཏང་ཨུད་ཀྱི་ཚོགས་འདུ་འཚོགས་ནས་མཚོ་སྐྱོར་ལས་བྱེད་པ་67ཡུལ་ཤུལ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཧུར་ཐག་ཞུགས་ནས། དགེ་སྒྲུབ་ཚད་གཞི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དགོས་པའི་བླང་བྱ་བཏོན་པ་རེད། པེ་ཅིང་གི་མཚོ་སྐྱོར་སྨན་བཅོས་ཚོགས་པས་ཡུལ་ཤུལ་ཁུལ་དང་། ཡུལ་ཤུལ་གྲོང་ཁྱེར། ནང་ཆེན་རྫོང་། ཁྲེན་འདུ་རྫོང་བཅས་ཀྱི་སྨན་ཁང་4ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་འགན་འཁུར་རྒྱུ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཡོན་ཀྲང་4དང་མཚོ་སྐྱོར་སྨན་པ་16གིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཡུལ་ས་གཙོ་བོར་འབད་འཐབ་མཐའ་གཅིག་ཏུ་བྱ་རྒྱུ་རེད། 
༄༅།།པེ་ཅིང་གིས་ཡུལ་ཤུལ་གྱི་རིམས་འགོག་ལས་དོན་ལ་རོགས་སྐྱོར་བྱས།
༄༅།།པེ་ཅིང་གིས་ཡུལ་ཤུལ་གྱི་རིམས་འགོག་ལས་དོན་ལ་རོགས་སྐྱོར་བྱས།