འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་19ཉིན།

༄༅།།དམངས་རྣམས་ཕྱུག་ཅིང་དར་རྒྱས་ཆེ་བའི་ཀན་སུའུ་ཡི་ལེའུ་གསར་པ་བརྩམས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་19ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་གྱི་གསར་འགོད་པ། ཏུང་ཧུང་ལེང་དང་ཝང་ཅིང་ཐའོ།
     གསར་བརྗེའི་ཞབས་རྗེས་བཞག་པའི་ས་ཆ། འབད་འབུངས་ཡར་བརྩོན་གྱི་ཀན་སུའུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་རུ་རྟོག་ཞིབ་གནང་བར་ཐེངས་གཉིས་ཕེབས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་ཏེ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་ཀན་སུའུ་ཡི་འཕེལ་རྒྱས་ཆེད་ཁ་སྒྱུར་ཕྱོགས་སྟོན་གནང་ཡོད།
     “ཡོང་འབབ་མང་དུ་དང་གྲོང་ཚོ་མཛེས་སུ་ཕྱིན་པས་ཡུལ་མི་སྤུན་ཟླ་ཚོ་སེམས་གཏིང་ནས་དགའ་པོ་བྱུང་བ”
     “2013ལོའི་ཟླ་2ཚེས་3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་གྲོང་ཚོར་ཕེབས་ཏེ་ཚང་མར་མཉམ་དུ་འབད་བརྩོན་བྱས་ཏེ་འཚོ་བ་སྐྱིད་པོ་ཞིག་སྐྱེལ་དགོས་པའི་སྐུལ་ལྕག་གནང་བྱུང”ཞེས་ཡོན་ཀུའུ་ཏུའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཏུང་ཅན་ཤིང་གིས་དེ་ལྟར་བརྗོད་པ་དང་། ཁོང་གིས་གྲོང་ཚོས་ཀྲུང་ལུགས་གསོ་རིག་སྨན་རྒྱུ་དང་། རླམ་རྩྭ་ཕོ་སུལ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་ན་ནིང་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ལྷག་ཙམ་བྱུང་ཡོད། དེ་ནི་ལོ་10ཡི་གོང་གི་ལྡབ་8རེད་ཅེས་བརྗོད།
     རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་དཀའ་ཚེགས་ཆེ་ཤོས་ཀྱི་ཞིང་ཆེན་གྱི་གྲས་ཤིག་ཡིན་པའི་ཀན་སུའུ་ཡིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་ཚད་གཞིར་དམ་པོར་དམིགས་ཏེ་དམག་ཧྲག་གཡུལ་འདྲེན་དང་ཇུས་འདོན་གནད་སྨིན་གྱིས་རོགས་སྐྱོར་འགན་འཁུར་བ་ཁྲི་36དང་གྲོང་སྡོད་རོགས་སྐྱོར་མི་སྣ་7.45ཡིས་དབུལ་སྐྱོར་འཐབ་ས་དང་པོར་བསྐྱོད་ཡོད། 2020ལོའི་ལོ་མཇུག་ཏུ་ད་ཡོད་ཀྱི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་552ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང་དབུལ་པོ་75ཚང་མའི་དབུལ་ཞྭ་ཕུད་པ། གྲོང་ཚོ་དབུལ་པོ་7262ཚང་མ་དབུལ་པོའི་གནས་ལས་གྲོལ་བ། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་བཅས་གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།
     དབུལ་སྒྲོལ་ཞྭ་ཕུད་ནི་མཇུག་འགྲིལ་བ་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཞིག་རེད། ཀན་སུའུ་ཡིས་ཐོན་ལས་ལས་ཞུགས་རོགས་སྐྱོར་ཤུགས་རྒྱག་སར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་བ་དང་ཆབས་ཅིག་འཕྲལ་སྒྲུབ་མྱུར་ལན་དང་། ཞིབ་དཔྱད་ཚོད་སྐོར། ཉེན་སེལ་ཚོད་སྐོར་སོགས་ཀྱི་ལམ་སྲོལ་བཟོས་ཏེ་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་ཡག་པོ་བསྲུངས་ཡོད།
     དབུལ་སྒྲོལ་ཕུགས་འདུན་འགྲུབ། རྒྱང་ལམ་གསར་པར་བསྐྱོད། ཀན་སུའུ་ཡིས་འབད་འཐབ་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལེའུ་གསར་པ་མུ་མཐུད་བརྩམས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་འགན་འཁུར་མཁན་ལས་དོན་ཚོགས་ཆུང་12གྲོང་གསེབ་དར་རྒྱས་ཀྱི་ཆེད་འགན་འཁུར་མཁན་ལས་དོན་ཚོགས་ཆུང་ལ་བསྒྱུར་ནས་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། བསྐྱར་དར་སྒྲིག་འཛུགས་བཅས་ཀྱི་ལས་དོན་གྱི་ཆེད་སྒྲུབ་ཚན་ཁག་5བཙུགས་པས་ཞིང་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཞིང་པའི་འབབ་འཕར་ཐབས་ལམ་དེ་བས་བརྟན་དུ་ཕྱིན་ཡོད། 2021ལོར་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་4931ནས་སྒོར་11433བར་འཕར་ཡོད།
     “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལ་འགྱུར་ངེས་རེད”
     ཞོགས་པར། མདོ་ལ་རིང་མོའི་བྱང་འདབས་ཀྱི་ཏ་མཱ་ཡིང་རྩྭ་ཐང་དུ་ཀྲུང་གོ་ཞིང་ལས་འཕེལ་རྒྱས་ཚོགས་པ་ཧྲན་ཏན་རྟ་ར་ཚད་ཡོད་འགན་འཁྲི་ཀུང་སིའི་ཐོན་ལས་རྟེན་གཞིའི་ལས་དོན་པས་རྟ་ཕོ་ལྕག་གིས་སྐུལ་ནས་ཉིན་གཅིག་གི་རྩྭ་ཐང་སྐོར་སྲུང་ལས་དོན་སྤེལ་འགོ་ཚུགས།
     ཉེ་བའི་ལོ་འགའི་རིང་། ཧྲན་ཏན་རྟ་རས་ཆེད་མངགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་པུའུ་བཙུགས་ཏེ་སྐྱེ་ཁམས་རྣམ་གྲངས་གཙོ་བོ་13ལག་བསྟར་བྱས་པ་དང་ཞན་འགྱུར་རྩྭ་ཐང་མུའུ་ཁྲི་27ཙམ་ལེགས་བཅོས་བྱས་པས། སྔོ་ཁེབས་ཁྱབ་ཚད་97.6%ཟིན་པ་དང་། རྩྭ་ཐང་གི་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་ཕྱིན་པ། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཚོགས་ཤུགས་ཆེན་འཕར་ཏེ་གསའ་དང་། ཤྭ་བ། གནའ་བ་སོགས་རྟག་ཏུ་རྟ་རར་མཐོང་རྒྱུ་ཡོད། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལ་འགྱུར་ངེས་རེད”ཧྲན་ཏན་རྟ་རའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཆན་ཧྲུའུ་ཧྭ་ཡིས་རྟ་རའི་སྐྱེ་ཁམས་ཡག་པོ་ཡོད་པས་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་ཀྱང་མཉམ་དུ་ཡག་ཏུ་ཕྱིན་ཡོད། “ན་ནིང་རྟ་ར་བསྐྲུན་ཚུན་གྱི་ཡོང་འབབ་ཡག་ཤོས་བྱུང་ནས་ཁེ་གཙང་ཡོང་འབབ་སྒོར་ཁྲི་8760ཟིན་པ་དེ་དུས་མཚུངས་ལས་70%ཙམ་འཕར་ཡོད”ཅེས་བརྗོད།
     ཀྲུང་གོ་ཚན་རིག་ཁང་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ལྟེ་གནས་ཀྱིས་ཚོད་སྐོར་བྱས་པར་གཞིགས་ན། ཀན་སུའུ་མདོ་ལ་རིང་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པའི་ས་ཁོངས་ཀྱིས་བཟུང་བའི་བསྡུར་ཚད་37.5%འཕར་བ་དང་སྔོ་ཁེབས་སྟོན་གྲངས་10.88%འཕར་ཡོད་པ་རེད།
     རི་བོར་ལྟ་སྐབས་མདོ་ལ་རིང་མོ་སྔོ་ཐིང་ཐིང་དུ་གྱུར་པ་དང་། ཆུ་མོར་ལྟ་སྐབས་དྭངས་ཤིང་གཙང་བས་ཀན་སུའུ་ཡི་མཛེས་པའི་རྒྱན་དུ་གྱུར།
     ནགས་ཚལ་ཁེབས་ཚད་11.33%ཟིན་པ་དང་མཁའ་རླུང་སྤུས་ཚད་ལེགས་པའི་ཆ་སྙོམས་ཉིན་གྲངས་340ལྷག་ཙམ་ཟིན་པའི་ཀན་སུའུ་ཡི་ས་གཞི་ཆེ་མོའི་ནམ་མཁའ་དེ་བས་སྔོ་བ་དང་། ས་གཞི་དེ་བས་ལྗང་བ། ཆུ་མོ་དེ་བས་དྭངས་བ། སྡོད་མལ་ལ་དེ་བས་འཚམ་པ་བཅས་བྱུང་ཡོད། རྨ་ཆུའི་ངོགས་ཀྱི་ལན་ཀྲོའུ་ཟོ་ཆུན་འཁོར་ལོའི་དངོས་མང་སྟོན་ཚོགས་གླིང་དུ་ཟོ་ཆུན་འཁོར་ལོ་ཆེ་གྲས་12ཀྱིས་དུས་རབས་གསར་པར་བསྟོད་གླུ་འབུལ་བའི་ཚུལ་དུ་གནས་པ་དང་། དེ་དང་ཐག་མི་རིང་བའི་ས་ན་ལོ་36ཙམ་སོང་བའི“རྨ་ཆུའི་མ་ཡུམ”གྱི་བརྐོས་བརྙན་དེ་བརྩེ་བ་ཟབ་མོས་པང་དུ་ཉར་བའི་ཕྲུ་གུར་ལྟ་བ་དང་གཉིས་སུ་མེད་པ་དེ་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་རོལ་དབྱངས་སྙན་པོ་ཞིག་དང་ཀུན་ནས་མཚུངས།
     “སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གདིང་གཞི་དང་འདེགས་སྐྱོར་བརྟན་དུ་བཏང་བ”
     “2020ལོར་ཅིའུ་ཆོན་ངར་ལྕགས་ཚོགས་པས་ཁྲོམ་རའི་འཕེལ་ཕྱོགས་ལ་ཞིབ་འཇུག་བརྡར་ཤ་གཏིང་ཟབ་བྱས་ནས་ཟླ་བ་གསུམ་ཙམ་རིང་ཚན་ཞིབ་འགག་སྒྲོལ་བྱས་པ་བརྒྱུད། ལྕགས་རྒྱུའི་བཙའ་མི་རྒྱག་པའི་ངར་ལྕགས་ཞིབ་འཇུག་གསར་སྤེལ་ལམ་ལྷོངས་བྱུང་ནས་སྐབས་དེ་དུས་རྒྱལ་ནང་དུ་ལྕགས་རྒྱུ་ལས་གྲུབ་པའི་བཙའ་མི་རྒྱག་པའི་ངར་ལྕགས་ཐོན་སྐྱེད་བྱེད་ཐུབ་པའི་ཁེ་ལས་དང་པོར་གྱུར་ཡོད”ཅེས་ཅིའུ་ཆོན་ངར་ལྕགས་ཚོགས་པའི་ཚན་རྩལ་ཆ་འཕྲིན་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པ་དང་། 2021ལོར་ཁེ་སྤོགས་སྒོར་དུང་ཕྱུར་56བྱུང་ཡོད། ཅིའུ་ཆོན་ངར་ལྕགས་ཀྱི་འགྱུར་ལྡོག་ནི་ཀན་སུའུ་ཡིས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱས་པའི་བསྡུས་རིས་ཤིག་རེད། ཀན་སུའུ་ཡིས་བཟོ་ལས་རྟེན་གཞི་རྙིང་པའི་དོན་དངོས་ལ་གཞི་ཚུགས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུ་དེ་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་གཏོང་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་། མདོག་ལྡན་སྨན་བཅོས་མ་དངུལ། རྡོ་སོལ་གློག་ཤུགས་སོགས་སྲོལ་རྒྱུན་ཐོན་ལས་ཀྱི“ཅན་གསུམ”སྒྱུར་བཀོད་གཏིང་ཟབ་བྱས་ནས་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། སྐྱེ་དངོས་གསོ་རིག་སོགས་གསར་དར་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་ཡོད། རླུང་དང་འོད་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ཀན་སུའུ་རུ་རླུང་གློག་དང་ཉི་གློག་གི་ལག་རྩལ་གསར་སྤེལ་ཐུབ་ཚད་ཆན་ཝ་དུང་ཕྱུར་5.6དང་ཆན་ཝ་དུང་ཕྱུར་95སོ་སོར་ཟིན་ཡོད། འདི་ལོའི་ལོ་སྟོད་དུ་ཀན་སུའུ་ཡི་ནུས་རྒྱུ་གསར་པའི་གློག་ཤུགས་ཀྱིས་གློག་དྲ་ཡོངས་ཀྱི་གློག་ཤུགས་བསྡོམས་འབོར་གྱི་49.56%བཟུང་ནས་ནུས་རྒྱུ་གསར་པ་སྤྱོད་ཚད་93.1%ཟིན་པ་དང་། དྲ་སྦྲེལ་ཆན་ཝ་ཁྲི་304ཟིན་ནས་ནུས་གསར་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་260ལྷག་ཙམ་ཟིན་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་2100ཙམ་ཉུང་དུ་ཕྱིན་ཡོད།
     “ཐོན་ལས་དར་རྒྱས་བྱུང་ན་དཔལ་འབྱོར་དར་རྒྱས་ཡོང་བ་དང་ཐོན་ལས་སྟོབས་ཆེར་ཕྱིན་ན་དཔལ་འབྱོར་སྟོབས་ཆེར་འགྲོ་ཐུབ། ང་ཚོས་ཐོན་ལས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་ཞིང་ཆེན་དར་རྒྱས་དང་དམངས་ཕྱུག་གི་ལམ་བུར་བསྐྱོད་དེ་ཐོན་ལས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་ཐོན་ལས་རྣམ་གྲངས་དོན་འཁྱོལ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་ཐོན་ལས་ཀྱི་རིམ་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་ཆེར་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཞི་རྟེན་དང་འདེགས་སྐྱོར་ཏན་ཏིག་བྱ་རྒྱུ་ཡིན”ཞེས་ཀན་སུའུ་ཞིང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་བརྗོད།