འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་18ཉིན།

༄༅།།གློག་དམར་བརྒལ་ནས་རྡབ་རྡེག་ཐེབས་པའི་སྐྱེས་པ་དེས་སྒོར་ཁྲི་10གཏོང་འགན་འཁུར་དགོས། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་18ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུས་ཀྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཡུན་ནན་ཡུས་ཞི་ཡི་སྐྱེས་པ་ཞིག་གིས་གློག་དམར་བརྒལ་ཚེ་རླངས་འཁོར་ཞིག་གིས་བརྡུངས་མོད། འགན་ཆ་ཚང་འཁུར་དགོས་པ་མ་ཟད། གྱོང་གུན་སྒོར་ཁྲི་10འཁུར་དགོས་པའི་གཏན་ཁེལ་བྱས་ཡོད། 
     ཉེ་ཆར་ཡུན་ནན་ཡུས་ཞིར། ཧུང་ཆེ་གེ་མོས་ལས་གྲོགས་གཉིས་དང་མཉམ་དུ་རྐང་འཁོར་བཞོན་ནས་ལམ་མདོར་བསྐྱོད་སྐབས། གློག་དམར་སྣང་མེད་དུ་བཏང་ནས་གཞུང་ལམ་བརྒལ་ཚེ། མདུན་གྱི་ཧུང་ཆེ་གེ་མོས་རྒྱུན་ལྡན་སྐྱོད་བཞིན་པའི་SUVརླངས་འཁོར་ནག་པོ་ཞིག་དང་རྡུང་ཁ་བརྒྱབ། ཧུང་ཆེ་གེ་མོར་རྡབ་རྡེག་ཆེན་པོ་ཐེབས་ནས་ས་ལ་འགྱེལ། ཞྭ་མོ་གྱོན་མེད་པས་ཧུང་ཆེ་གེ་མོའི་སྒྲོག་རུས་ཆག་པ་དང་ཕྲག་པར་རྨས་པ་མ་ཚད། མགོ་ལའང་གནོད་འཚེ་ཐེབས་ཡོད། SUVརླངས་འཁོར་གྱི་གློག་དང་སྒུལ་བྱེད་འཕྲུལ་འཁོར་གྱི་ཁ་ལེབ་ཆག་པ་རེད།  
     འགྲིམ་འགྲུལ་ཉེན་རྟོག་པས་བརྟག་དཔྱད་བྱས་རྗེས། ཧུང་ཆེ་གེ་མོས་གློག་དམར་བརྒལ་ནས་ལས་འཛོལ་བཟོས་ཡོད་པས་འགན་ཆ་ཚང་འཁུར་དགོས་པ་གཏན་འཁེལ་བྱས། 
     སྨན་ཁང་གིས་བརྟག་དཔྱད་དང་4Sཚོང་ཁང་གིས་དཔྱད་དཔོག་བྱས་པ་བརྒྱུད། ཧུང་ཆེ་གེ་མོའི་སྨན་རིན་སྒོར་ཁྲི་2དགོས་པ་དང་། SUVརླངས་འཁོར་ལ་གྱོང་གུན་སྒོར་ཁྲི་8ཙམ་ཐེབས་པ་ཁྱོན་བསྡོམས་གྱོང་གུན་སྒོར་ཁྲི་10ཆ་ཚང་ཧུང་ཆེ་གེ་མོ་གཅིག་པུས་གཏོང་འགན་འཁུར་དགོས།