འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་18ཉིན།

༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་བཅུ་དྲུག་པ། གཞིས་བདག་གིས་གཞུང་ས་སྤྱད་དེ་སྔོ་ཚལ་འདེབས་ཆོག་གམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་18ཉིན། 14:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཉིན་100རིང་དམངས་དོན་ཁྲིམས་གཞུང་སྦྱོང་བའི་ཉིན་བཅུ་དྲུག་པ། གཞིས་བདག་གིས་གཞུང་ས་སྤྱད་དེ་སྔོ་ཚལ་འདེབས་ཆོག་གམ།
     གྱོད་གཞི།
     ཝང་ཆེ་གེ་མོས་གཞིས་ཁུལ་གྱི་གཞུང་གི་ས་ཞིང་ནང་ཙོང་དང་ཀེའུ་བཏབ་པ་དང་། མི་རིང་བའི་སྔོན་དུ། གཞིས་ལས་ཀྱིས་གཞིས་ཁུལ་དེའི་ནང་དུ་བརྡ་ཐོ་སྦྱར་ཏེ། གཞིས་བདག་ལ་ཉིན་བཅུའི་ནང་ཚུན་དུ་རང་ངོས་ནས་གཞུང་གི་ས་ཞིང་ནང་འདེབས་འཛུགས་བྱས་པའི་ཞིང་ལས་ལོ་ཏོག་ཐག་གཅོད་བྱེད་དགོས་པ་དང་། དེ་མིན་ཚེ་གཅིག་བསྡུས་ཀྱིས་གཙང་སེལ་བྱ་རྒྱུའི་གསལ་བརྡ་བཏང་། དེ་རྗེས་གཞིས་ལས་ཀྱིས་ཝང་ཆེ་གེ་མོས་བཏབ་པའི་ཙོང་དང་ཀེའུ་གཙང་སེལ་བྱས་པ་དང་འབྲེལ་ལྗང་འགྱུར་ཡང་བྱས་པ་རེད། ཝང་ཆེ་གེ་མོའི་བསམ་པར་གཞུང་གི་ས་ནི་གཞིས་བདག་ལ་དབང་ཞིང་། གཞིས་བདག་ཡིན་པའི་ངོས་ནས་བཀོལ་སྤྱོད་བྱེད་དབང་ངེས་ཅན་ཡོད་པར་འདོད། ཝང་ཆེ་གེ་མོའི་ལྟ་བ་ཁྲིམས་མཐུན་ཡིན་ནམ།
     གྱོད་གཞི་ལ་གཞིགས་ནས་ཁྲིམས་བཤད།
     ཁྲིམས་མཐུན་མ་རེད། དམངས་དོན་ཁྲིམས་གཞུང་དོན་ཚན་ཉིས་བརྒྱ་དང་དོན་བརྒྱད་པའི་ནང་གཏན་འབེབས་བྱས་དོན། “སྤྱི་དབང་ཁ་ཤས་ཀྱི་སྤྱོད་སྒོ་སྒྱུར་བར”གཞིས་བདག་སྤྱི་གཞུང་གིས་ཐག་གཅོད་བྱེད་དགོས། གྱོད་གཞིའི་ཁྲོད། ཝང་ཆེ་གེ་མོའི་བྱ་སྤྱོད་དེ་གཞིས་བདག་གི་བརྡས་ཐག་བཅད་ནས་མོས་མཐུན་བྱུང་མེད་པས། ཝང་ཆེ་གེ་མོ་ལ་གཞུང་ས་སྤྱད་དེ་སྔོ་ཚལ་འདེབས་དབང་མེད།