འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་18ཉིན།

༄༅།།བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་7གྱི་རིམས་ནད་གནས་ཚུལ་གསར་ཤོས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་18ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས། 2022ལོའི་ཨང་23པ།
     ཟླ་8ཚེས་17ཉིན་གྱི་ཆུ་ཚོད་0ནས་24བར། ལྷ་ས་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་275མང་དུ་ཕྱིན་ཡོད་པ་དང་། དེའི་ནང་ནད་རྟགས་གཏན་འཁེལ་ནད་པ་5མང་དུ་ཕྱིན་ཡོད། ཚང་མ་ནད་རྟགས་མེད་པའི་ནད་པ་ནད་རྟགས་གཏན་འཁེལ་ནད་པར་འགྱུར་བ་རེད། ནད་རྟགས་མེད་པའི་ནད་པ་275མང་དུ་ཕྱིན་ཡོད། ཟླ་8ཚེས་16ཉིན་གྱི་ཆུ་ཚོད་24བར། གྲོང་ཁྱེར་ཡོངས་སུ་ཏོག་གསར་གློ་ཚད་ཕོག་པའི་ནད་པ་1558ཟིན་ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་5དྲག་སྐྱེད་བྱུང་སྟེ་སྒྲོམ་ཚང་སྨན་ཁང་ནས་ཐོན་ཡོད། ད་ལྟ་ནད་རྟགས་གཏན་འཁེལ་ནད་པ་37དང་། ནད་རྟགས་མེད་པའི་ནད་པ་1516ཡོད།
     གཞིས་ཀ་རྩེ་གྲོང་ཁྱེར་ཏོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་བརྡ་ཁྱབ། 2022ལོའི་ཨང་10པ།
     2022ལོའི་ཟླ་8ཚེས་17ཉིན་གྱི་ཆུ་ཚོད་0ནས་24བར། གཞིས་ཀ་རྩེ་གྲོང་ཁྱེར་དུ་ཏོག་གསར་ནད་དུག་ཕོག་པའི་རང་ཡུལ་ནད་པ་305མང་དུ་ཕྱིན་ཡོད་པ་དང་། དེའི་ནང་ནད་རྟགས་གཏན་འཁེལ་ནད་པ་4དང་།  ནད་རྟགས་མེད་པའི་ནད་པ་301ཡོད།  ཟླ་8ཚེས་17ཉིན་བར། གྲོང་ཁྱེར་ཡོངས་སུ་ཏོག་གསར་ནད་དུག་ཕོག་པའི་ནད་པ་1689ཡོད་པའི་ཁྲོད་ནད་རྟགས་གཏན་འཁེལ་ནད་པ་105དང་། ནད་རྟགས་མེད་པའི་ནད་པ་1584ཡོད།  
     ལྷོ་ཁ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས། 2022ལོའི་ཨང་13པ།
     2022ལོའི་ཟླ་8ཚེས་17ཉིན་གྱི་ཆུ་ཚོད་0ནས་24བར། ལྷོ་ཁ་གྲོང་ཁྱེར་དུ་ནད་རྟགས་མེད་པའི་ནད་པ་22མང་དུ་ཕྱིན་ཡོད་པ་དང་། ཟླ་8ཚེས་17ཉིན་གྱི་ཆུ་ཚོད་24བར། གྲོང་ཁྱེར་ཡོངས་སུ་གཏན་འཁེལ་ནད་པ་1དང་། ནད་རྟགས་མེད་པའི་ནད་པ་134ཡོད།
     ཉིང་ཁྲི་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་བརྡ་ཁྱབ། 2022ལོའི་ཨང་15པ།
     2022ལོའི་ཟླ་8ཚེས་15ཉིན་གྱི་ཆུ་ཚོད་0ནས་ཚེས་16ཉིན་གྱི་ཆུ་ཚོད་24བར། ཉིང་ཁྲི་གྲོང་ཁྱེར་དུ་ཏོག་གསར་ནད་དུག་ཕོག་པའི་རང་ཡུལ་གྱི་ནད་རྟགས་གཏན་འཁེལ་ནད་པ་3དང་། ནད་རྟགས་མེད་པའི་ནད་པ་20མང་དུ་ཕྱིན་ཡོད། ཟླ་8ཚེས་16ཉིན་གྱི་ཆུ་ཚོད་24བར། ཉིང་ཁྲི་གྲོང་ཁྱེར་དུ་ནད་རྟགས་གཏན་འཁེལ་ནད་པ་31(ནད་རྟགས་མེད་པའི་ནད་པ་ནད་རྟགས་གཏན་འཁེལ་ནད་པར་འགྱུར)ཡོད་པ་དང་། ནད་རྟགས་མེད་པའི་ནད་པ་38ཡོད། གསར་དུ་ཐོན་པའི་ནད་རྟགས་གཏན་འཁེལ་ནད་པ་3དང་། ནད་རྟགས་མེད་པའི་ནད་པ་17དེ་དག་ལོགས་བཀར་ལྟ་སྡོམ་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཁྲོད་ཤེས་རྟོགས་བྱུང་བ་དང་། ནད་རྟགས་མེད་པའི་ནད་པ་3ནི་སྤྱི་ཚོགས་ཐོག་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཤེས་རྟོགས་བྱུང་བ་རེད།
     ཆབ་མདོ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས། 2022ལོའི་ཨང་12པ།
     2022ལོའི་ཟླ་8ཚེས་17ཉིན་གྱི་ཆུ་ཚོད་0ནས་14བར། ཆབ་མདོ་གྲོང་ཁྱེར་དུ་ནད་རྟགས་གཏན་འཁེལ་ནད་པ་5མང་དུ་ཕྱིན་པ་དང་། ནད་རྟགས་མེད་པའི་ནད་པ་1མང་དུ་ཕྱིན་ཡོད། ཟླ་8ཚེས་17ཉིན་གྱི་ཆུ་ཚོད་17བར། ཆབ་མདོ་གྲོང་ཁྱེར་དུ་ཁྱོན་ནད་རྟགས་གཏན་འཁེལ་ནད་པ་13དང་ནད་རྟགས་མེད་པའི་ནད་པ་6ཡོད།
     ནག་ཆུ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས། 2022ལོའི་ཨང་5པ།
     2022ལོའི་ཟླ་8ཚེས་16ཉིན་གྱི་ཆུ་ཚོད་24བར། གྲོང་ཁྱེར་ཡོངས་སུ་ཁྱོན་ཏོག་གསར་ནད་པ་53སྙན་ཞུ་བྱས་ཡོད། ད་ལྟ་ནད་རྟགས་གཏན་འཁེལ་ནད་པ་12དང་ནད་རྟགས་མེད་པའི་ནད་པ་41ཡོད། 2022ལོའི་ཟླ་8ཚེས་16ཉིན་གྱི་ཆུ་ཚོད་0ནས་24བར། ནག་ཆུ་གྲོང་ཁྱེར་གྱིས་གཙོ་གནད་མི་སྣར་ཉིང་སྐྱུར་བརྟག་དཔྱད་བྱེད་སྐབས་ཏོག་གསར་གློ་ཚད་ཕོག་པའི་ནད་པ་8གསལ་རྟོགས་ཐུབ་ཡོད། (ནད་རྟགས་མེད་པའི་ནད་པ་8)
     མངའ་རིས་ས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས། 2022ལོའི་ཨང་15པ།
     ཟླ་8ཚེས་16ཉིན་གྱི་ཆུ་ཚོད་0ནས་24བར། མངའ་རིས་ས་ཁུལ་དུ་ནད་རྟགས་མེད་པའི་ནད་པ་113མང་དུ་ཕྱིན་ཡོད་པ་དེ་དག་སྒར་རྫོང་དང་། སྤུ་ཧྲེང་རྫོང་། རུ་ཐོག་རྫོང་། མཚོ་ཆེན་རྫོང་། སྒེར་རྩེ་རྫོང་བཅས་སུ་ཡོད་པ་དང་། དེའི་ཁྲོད་སྒེར་རྩེ་རྫོང་དུ་ནད་རྟགས་མེད་པའི་ནད་པ་ཐོག་མ་བྱུང་།