འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་18ཉིན།

༄༅།།མཚོ་འགྲུལ་གྱི་ཉེན་བརྡ།  

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་18ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཀྲུང་གོ་མཚོ་དོན་ཅུས་ཀྱི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཆིང་ལན་མཚོ་དོན་ཅུས་ཀྱིས་མཚོ་འགྲུལ་གྱི་ཉེན་བརྡ་བཏང་ནས། ཟླ་8ཚེས་18ཉིན་ནས་ཟླ་8ཚེས་19ཉིན་བར་གྱི་ཉིན་རེའི་ཆུ་ཚོད་6པ་ནས་ཆུ་ཚོད་18དང་སྐར་མ་30བར་དང་། དེ་བཞིན་ཟླ་8ཚེས་19ཉིན་གྱི་ཆུ་ཚོད་10པ་ནས་ཆུ་ཚོད་13བར་ལྷོ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་སྦྱོང་བརྡར་བྱ་རྒྱུ་ཡིན་པས་དེ་རུ་ཡོང་མི་ཆོག