འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་18ཉིན།

༄༅།ཐེངས་དང་པོར་ཐོབ་ཐང་ལག་ཁྱེར་ལེན་པའི་ཐད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་18ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར། སྤྱི་བདེ་པུས་2022ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་དཔལ་འབྱོར་དོན་ཆེན་གཏན་འཇགས་ཡོང་བ་བྱེད་པའི་གཙོ་གནད་བྱ་ཐབས་གཏན་འབེབས་བྱས་པ་མ་ཟད་པར་འགྲེམས་ཀྱང་བྱས་ཡོད། དེའི་ནང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་པོ་ལེན་རེ་ཞུ་ཚེ“ཞིང་ཆེན་སྒྲོལ་ནས་ལེན་ཐུབ་པར”སྐུལ་འདེད་གཏོང་རྒྱུ་ཚུད་འདུག 
2022ལོའི་ཟླ་8ཚེས་1ཉིན་ནས་བཟུང་། འབྲི་ཆུའི་ཟུར་གསུམ་ས་ཁུལ་དང་། ཧྥུའུ་ཅན་དང་ཅང་ཞི། སི་ཁྲོན་དང་། ཁྲུང་ཆིང་། ཀུའེ་ཀྲོའུ་བཅས་ས་ཁུལ་གསུམ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་9ཡིས་ཕྱོགས་ཡོངས་ནས་ས་ཁོངས་ནང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་དང་པོ་ལེན་རེ་ཞུ་ཚེ་“ཞིང་ཆེན་སྒྲོལ་ནས་ལེན་ཐུབ་”པ་བྱེད་རྒྱུ་ཁྱབ་གདལ་གཏོང་རྒྱུ་རེད།  ཟླ་10ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་ཏུ་ཚོད་ལྟའི་ལས་དོན་རིམ་བཞིན་སྤེལ་འགོ་ཚུགས་པ་དང་། ལོ་མཇུག་གོང་ཚོད་ལྟའི་ས་ཁུལ་དུ་མང་ཚོགས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་ལེན་རེ་དང་པོ་ཞུ་ཚེ་ཐེམ་ཐོ་ཡོད་སར་ལོག་མི་དགོས་པར་ད་ལྟའི་སྡོད་གནས་ཀྱི་ཉེ་འགྲམ་དུ་ལེན་པའི་འགྲོ་ལུགས་གཉེར་ཆོག