འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་17ཉིན།

༄༅།།ཏོག་གསར་གློ་ཚད་ཕོག་མཁན་7སྨན་ཁང་ནས་བུད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་17ཉིན། 16:38】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་འགོ་ནད་ཁུལ་གྱིས་ཆེད་ལས་སྐྱོབ་བཅོས་དང་། ཧྲན་ཞིའི་བོད་སྐྱོར་རིམས་འགོག་རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་དང་བརྡར་ཤ་བཅད་པ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་རིགས་གཅིག་མཁས་ཅན་ཚོ་ཆུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ་8ཚེས་16ཉིན། ཏོག་གསར་གློ་ཚད་རིམས་ནད་འགོས་ནས་དྲག་སྐྱེད་བྱུང་བའི་ཁག་དང་པོའི་མངའ་རིས་ས་ཁུལ་གྱི་ནད་པ་7ལ་གསོ་རིག་གི་ལོགས་འཇོག་སྨན་བཅོས་བྱེད་མཚམས་བཞག་སྟེ་ཁྱིམ་དུ་བརྟག་དཔྱད་བྱ་ཡུལ་ལ་བསྒྱུར་ཡོད། དེ་ནི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་རེས་སྐོར་འདིའི་ཏོག་གསར་གློ་ཚད་ཕོག་ནས་དྲག་སྐྱེད་བྱུང་བའི་ནད་པ་ཁག་དང་པོ་དེ་རེད།