འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་17ཉིན།

༄༅།།“ཐའེ་ཝན་རང་བཙན་”གྱི་ངན་རེངས་པ་ཁག་ཅིག་ལ་བཀག་སྡོམ་བྱས་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་17ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་དབང་སྤྲད་པ་ལྟར་གསལ་ཐོའི་ནང་བཅུག་པའི“ཐའེ་ཝན་རང་བཙན་”གྱི་ངན་རེངས་པ་སོགས་མི་སྣ་ཁག་གཅིག་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 
ཚེས་16ཉིན། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་དབང་སྤྲད་པ་ལྟར་གསལ་ཐོའི་ནང་བཅུག་པའི“ཐའེ་ཝན་རང་བཙན”གྱི་ངན་རེངས་སོགས་མི་སྣ་ཁག་གཅིག་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད། 
མགྲིན་ཚབ་པས་བསྟན་དོན།“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་དེ་ནི་མེས་རྒྱལ་གཅིག་གྱུར་ཡོང་བ་བྱེད་རིང་གི་འགོག་རྐྱེན་ཆེ་ཤོས་དང་མི་རིགས་བསྐྱར་དར་ཡོང་བ་བྱེད་རིང་གི་མི་མངོན་པའི་རྐྱེན་ངན་ཚབས་ཆེན་ཞིག་རེད། དུས་མཚམས་ཤིག་གི་རིང་ལ་“ཐའེ་ཝན་རང་བཙན”གྱི་ངན་རེངས་པ་ཉུང་ཤས་ཀྱིས་རང་ཉིད་ཀྱི་ཆེད་དུ་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་དང་ངན་འབྲེལ་གང་ཐུབ་བྱས་ནས“རང་བཙན”ཆེད་དུ་འཁྲུག་རྐྱེན་སློང་བ་དང་། རྐང་བཙུགས་ནས་ངོགས་གཉིས་ཁ་གཏད་དུ་ལངས་པའི་འཁྲུག་རྐྱེན་སློང་པ། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་ལ་འཛེམ་བག་མེད་པར་གཏོར་བཤིག་གཏོང་བ་བཅས་བྱས་དང་བྱེད་པ་དང་། ཕེ་ལུའོ་ཞི་ཐའེ་ཝན་དུ་ཕྱོགས་མྱུལ་ངན་འབྲེལ་དུ་སྐྱོད་རིང་གི་མཚོན་ཚུལ་དེ་བས་ཐ་ཤལ་ཡིན།དེའི་ཐོག་ནས་དེ་དག་གིས་ངན་རེངས་མཁྲེགས་བཟུང་གིས་“རང་བཙན”གཉེར་བའི་རང་གཤིས་སྔར་བས་དམར་རྗེན་དུ་མངོན་ཡོད། སྐམ་ས་ཆེན་པོའི་ཕྱོགས་ཀྱིས་རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་གང་རུང་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་གང་རུང་གིས་མེས་རྒྱལ་གཅིག་གྱུར་གྱི་འཕེལ་རིམ་ལ་ཐེ་ཇུས་གཏན་ནས་བྱེད་དུ་འཇུག་གི་མིན་ལ། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ལ་བར་སྟོང་གང་ཡང་གཏན་ནས་འཇོག་རྒྱུ་མིན། 
   མགྲིན་ཚབ་པས་བཤད་རྒྱུར། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་དང་མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླའི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་དང་། “ཐའེ་ཝན་རང་བཙན་”གྱི་ངན་རེངས་པར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་ཆེད། ཞའོ་མེ་ཆིན་དང་། ཀུའུ་ལི་ཞུང་། ཚའེ་ཆི་ཁྲང་། ཁོ་ཅན་མིང་། ལིན་ཧྥེ་ཧྥན། ཁྲེན་ཅའོ་ཧྭ། ཝང་ཏིང་ཡུས་སོགས་ནི་གསལ་ཐོ་ནང་བཀོད་པའི་“ཐའེ་ཝན་རང་བཙན་”གྱི་ངན་རེངས་པ་ཡིན་པ་ཁྱབ་བསྒྲགས་བྱ་རྒྱུ་དང་།  ཁོ་ཚོ་དང་དེའི་སྔོན་དུ་ཁྱབ་བསྒྲགས་བྱས་ཟིན་པའི་སུའུ་ཀྲེན་ཁྲང་དང་། ཡིའུ་ཞི་ཁུན། ཝུའུ་ཀྲའོ་ཞེ་བཅས་ལ་ཆད་གཅོད་བསླབ་འདོམས་བྱེད་རྒྱུ་གཤམ་གསལ། གོང་གསལ་མི་དེ་དག་དང་དེ་ཚོའི་ཁྱིམ་མི་སྐམ་ས་ཆེན་མོ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ།ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅས་སུ་ཡོང་མི་ཆོག་པ་དང་། མི་དེ་དག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་སྐམ་ས་ཆེན་པོའི་འབྲེལ་ཡོད་རྩ་འཛུགས་དང་མི་སྒེར་དང་མཉམ་ལས་བྱེད་པར་ཚོད་འཛིན་བྱ་རྒྱུ། མི་དེ་དག་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་ཚོང་བདག་ཡིས་སྐམ་ས་ཆེན་མོར་ཁེ་ཕན་གཉེར་རིགས་གཏན་ནས་བྱེད་མི་ཆོག་པ་དང་། དེ་བཞིན་དགོས་ངེས་ཀྱི་ཆད་གཅོད་བསླབ་འདོམས་བྱེད་ཐབས་གཞན་དག་སྤྱོད་རྒྱུ། ཁྲིམས་ལྟར་ཚེ་གང་ལ་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན། ཡིའུ་ཞི་ཁུན་གྱིས་ཏུང་ཧྲི་ཀྲང་གི་འགན་འཁུར་བའི་“ཐའེ་ཝན་དམངས་གཙོའི་ཐེབས་རྩ་ལྷན་ཚོགས་”ཀྱི་ལག་བསྟར་འགོ་འཛིན་དང་། ཝུའུ་ཀྲའོ་ཞེ་ཡིས་ཏུང་ཧྲི་ཀྲང་གི་འགན་འཁུར་བའི་“རྒྱལ་སྤྱིའི་མཉམ་ལས་གོང་སྤེལ་ཐེབས་རྩ་ལྷན་ཚོགས་”ཀྱི་དྲུང་ཡིག་ཆེན་མོར་བཀག་སྡོམ་བྱས་ཏེ། སྐམ་ས་ཆེན་པོ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅས་སུ་ཡོང་མི་ཆོག་པའི་གཏན་འབེབས་བྱས་ཡོད།
   མགྲིན་ཚབ་པས་བསྟན་དོན། གཅིག་གྱུར་ནི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་ལམ་དྲང་པོ་ཞིག་ཡིན། “ཐའེ་ཝན་རང་བཙན་”ནི་ལོ་རྒྱུས་ཀྱི་ལྡོག་རྒྱུན་དང་འཆི་ལམ་ཞིག་རེད། དེ་རིང་ཁྱབ་བསྒྲགས་བྱས་པའི“ཐའེ་ཝན་རང་བཙན”གྱི་ངན་རེངས་པའི་གསལ་ཐོ་ནི་གསལ་ཐོ་ཆ་ཚང་ཞིག་མིན། ང་ཚོས“ཐའེ་ཝན་རང་བཙན”གྱི་ངན་རེངས་པར་ངེས་པར་དུ་གཡང་སར་རྟ་ཁ་བཀག་ཤེས་དགོས།གལ་སྲིད་ཤེས་བཞིན་དུ་ཁྲིམས་དང་འགལ་ཕོད་མཁན་ཡོད་ན་དེར་ཆད་གཅོད་ནན་པོ་ཐོབ་ངེས་ཡིན་པ་ནན་གྱིས་བསྒྲགས་རྒྱུ་ཡིན།
   མི་སུ་ཞིག་གིས་ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་དང་། བློ་རྩ་བརྟན་པོ། འཇོན་ཐང་ཆེན་པོ་བཅས་ལ་སྣང་ཆུང་བྱེད་མི་རུང་། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་ཚོས་“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་པ་ཉུང་ཤས་ཀྱི་ཐའེ་ཝན་ལ་གནོད་འཚེ་གཏོང་བའི་རང་གཤིས་ངན་པ་ངོས་འཛིན་གསལ་པོ་བྱེད་པ་དང་། རང་གི་ཁེ་ཕན་དང་བདེ་སྐྱིད་དང་འབྲེལ་བ་ཡོད་ས་ཤེས་ཐུབ་པ་བྱས་ཐོག རང་རྟོགས་ངང་“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་པ་དང་དབྱེ་མཚམས་གསལ་པོ་ཕྱེ་ནས་“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱ་སྤྱོད་ལ་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། སྐམ་ས་ཆེན་མོའི་སྤུན་ཟླ་དང་ལག་གདང་སྦྲེལ་ནས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བའི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ང་ཚོས་རེ་བ་བྱེད་ཀྱི་ཡོད།