འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་17ཉིན།

༄༅།།མཚོ་སྔོན་གྱིས“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་
འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་17ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་8ཚེས་10ཉིན་མཚོ་སྔོན་ཞིང་ཆེན་འཇུ་ལག་རྫོང་ཧུད་རིགས་རང་སྐྱོང་རྫོང་གི་གཅིག་འཐུས་རྣམ་པའི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས(གཤམ་དུ“འགལ་འདུམ་ལྟེ་གནས”ཞེས་བསྡུ་རྒྱུ)སུ་དོ་བདག་མཱ་ཆེ་གེ་མོས་ལྟེ་གནས་ཀྱི་མི་དམངས་འདུམ་འགྲིག་པ་ཞེ་ཧའོ་ཅིན་ལ“ཁྱེད་རྣམ་པས་དུས་ཚོད་མགྱོགས་པོ་དེ་འདྲའི་ནང་ངའི་སེམས་ནད་རྦད་དེ་བསལ་སོང་། ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སེམས་འགུལ་ཐེབས་བཞིན་བརྗོད། ཟླ་8ཚེས་13ཉིན་འཇུ་ལག་རྫོང་གི“འགལ་འདུམ་ལྟེ་གནས”དངོས་སུ་བཙུགས་པ་དང་། སྲིད་ཁྲིམས་དང་། འགྲིམ་འགྲུལ། མི་སྤྱི་སོགས་ཆེད་ལས་ལས་རིགས་་འདུམ་འགྲིག་ཨུ་ལྷན་གྱི་ལས་ཀའི་སྟོབས་ཤུགས་བསྡུ་སྒྲིལ་ནུས་ལྡན་བྱེད་པ་དང་། ཟུང་སྦྲེལ་དམ་ཚགས་དང་། མཐུན་སྦྱོར་མཉམ་སྒུལ། ནུས་ཆེ་དམངས་ཕན་བཅས་ཀྱི་འགལ་བ་དང་རྩོད་གཞི་སྣ་མང་སེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། མང་ཚོགས་ལ་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་སྐབས“མང་ཤོས་ཐེངས་གཅིག་ལས་འགྲོ་མི་དགོས་པ”དང་ལུགས་མཐུན་རེ་ཞུར“བཅར་འདྲི་མང་ཤོས་ཐེངས་གཅིག་ལས་བྱེད་མི་དགོས་པ”བྱ་ཆེད་ལས་སྟེགས་གསར་རྐྱང་ཞིག་བཙུགས་པ་རེད།
   སྤྱོད་ཚུལ་བསྒྱུར་བ་དང་། དར་སྲོལ་འཛུགས་པ། མཚོ་སྔོན་གསར་པ་བསྐྲུན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ”ཞེས་པའི་ཆེད་དོན་བྱ་སྤྱོད་སྤེལ་རིང་། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། གཏུག་བཤེར་མིན་པའི་རྩོད་གཞི་འདུམ་འགྲིག་ལམ་སྲོལ་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱ་རྒྱུའི”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། “གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱི་འཛུགས་སྐྲུན་ལས་དོན་བཀོད་སྒྲིག་བྱས་ནས་སྤེལ་ཏེ། འགལ་བ་དང་རྩོད་གཞི་སྣ་མང་སེལ་བའི་གདུབ་ཟུམ་ལམ་སྲོལ་ཧུར་ཐག་བཏོད་ཡོད། མིག་སྔའི་བར་འགལ་འདུམ་ལྟེ་གནས”21བཙུགས་ཡོད། བཀོད་སྒྲིག་ལ་གཞིགས་ན། ལོ་དེའི་ནང་ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)33ཚང་མར“གཅིག་འཐུས་རྣམ་པའི”འགལ་བ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་བཙུགས་ནས་རྫོང་རིམ་པར་ཁྱབ་ཚད་69%ཟིན་པ་དང་། 2023ལོའི་ལོ་མཇུག་ཏུ་སླེབས་སྐབས་རྫོང་རིམ་པར་ལྟེ་གནས་འཛུགས་དགོས་རིགས་ཚང་མར་འཛུགས་པ་དང་རྦད་དེ་ཁྱབ་རྒྱུ་མ་ཟད། གྲོང་ཁྱེར་དང་ཀྲོའུ་དང་ཤང་དང་གྲོང་རྡལ(ཁྲོམ་གཞུང)ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།