འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་16ཉིན།

༄༅།།ཡུན་ནན་གྱིས་ལས་ཀའི་བྱ་ཐབས་ཁག་23ཁ་གསལ་བཏོན་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་16ཉིན། 15:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་ཁུན་མིང་ནས་ཟླ་8ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཡུན་ནན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐིང་སོགས་སྡེ་ཚན་གསུམ་གྱིས《སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》ཞེས་པའི་སྲིད་ཇུས་འགྲེལ་བཤད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་མཉམ་འབྲེལ་ཐོག་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། ཡུན་ནན་ཞིང་ཆེན་གྱིས་ཕྱོགས་དགུའི་ཐད་ནས་ལས་ཀའི་བྱེད་ཐབས་23དང་ལས་འགན་ཞིབ་ཕྲ་92ཁ་གསལ་བཏོན་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།
     ཡུན་ནན་ཞིང་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་ཁྲིམས་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་བར་མཐོངས་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ལྟ་ཞིབ་ཚད་ལེན་མ་ལག་འཐུས་ཚང་ཞིག་བསྐྲུན་པ། སྐྱེ་དངོས་ཀྱི་བདེ་འཇགས་དོ་དམ་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་རྒྱུན་མཐུད་ངང་བེད་སྤྱོད་ཐུབ་པའི་ལམ་སྲོལ་གསར་གཏོད་བྱེད་པ། ཁྲིམས་འཛིན་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱི་མཉམ་ལས་དང་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ནང་སྤྱི་དམངས་ཞུགས་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་འགན་སྲུང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཕྱོགས་9ཡི་ཐད་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད།