འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་16ཉིན།

༄༅།།མཆོང་སྐྱོད་གསར་པ། རེ་སྒུག་གསར་པ།

བདེ་སྐྱིད་ནི་འབད་འཐབ་ལྷོད་མེད་བྱས་པ་ལས་བྱུང་བ་ཡིན།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་16ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    2021ལོའི་ཟླ་6ཚེས་7ནས་9ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་ནས་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཡོང་ཆེད་ཡང་འབད་བསྐྱར་འབད་དང་འབད་འཐབ་ལྷོད་མེད་བྱེད་དགོས”ཞེས་ནན་བཤད་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་ལས་འགན་གསར་པ་བསྣན་ཞིང་། བརྗིད་ཆེའི་འཆར་འགོད་གསར་པར་འབད་འཐབ་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
    བསམ་པའི་སྟོབས་ཤུགས་ཡུལ་དུས་ལས་བརྒལ་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག མཚོ་སྔོན་ཞིང་ཆེན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། འཕྱུགས་མེད། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། རྒྱུན་མཐུད་འབད་འཐབ་ལ་བརྟེན་ནས་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ། དཔའ་ངར་ཆེན་པོས་མདུན་སྐྱོད་ཀྱིས་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་མགྱོགས་སུ་བཏང་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་བཏོད་པ་དང་། གཙང་གསུམ་ཆུ་འགོ་དང་། མདོ་ལ་རིང་མོ། མཚོ་སྔོན་པོ་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ཡོད། རི་ཆུ་ནགས་ཞིང་དང་མཚོ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་ཀྱིས་བྱེ་ཐང་ཅན་དང་བྱེ་འགྱུར་ས་ཞིང“ཉུང་གཏོང་གཉིས”མངོན་འགྱུར་ཐུབ་པ་དང་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་100%ཟིན་ཡོད་པ་རེད།
    དུང་བརྡ་བཏང་སྟེ་མདུན་སྐྱོད་སྐུལ་མ་བཏང་། འབད་འབུངས་མདུན་སྐྱོད་བྱེད་པའི་དུས་ལ་བབས། མཚོ་སྔོན་གྱིས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་གྱི་དཔའ་ཉམས་ཐོག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་བཞིན་མཆིས།