འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་15ཉིན།

༄༅།།ལྷ་ས་གྲོང་ཁྱེར་གྱིས་རིམས་ནད་སྐོར་ལ་སྤེལ་བའི་སྤྱི་བསྒྲགས་ཨང་16པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་15ཉིན། 14:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་སྤྱི་བསྒྲགས། 2022ལོའི་ཡིག་ཨང་16པ།
     དེང་སྐབས་ལྷ་ས་གྲོང་ཁྱེར་གྱི་རིམས་ནད་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། འགོག་ཟོན་ལས་དོན་འགག་རྩའི་དུས་སུ་སླེབས་ཡོད་པས། ཉིང་སྐྱུར་བརྟག་དཔྱད་ཀྱི་གལ་ཆེའི་ནུས་པ་འདོན་སྤེལ་དང་རིམས་ནད་ཀྱི་འགོས་ལམ་གཅོད་པ། སྤྱི་ཚོགས་ཁྱོན་དུ་གང་མགྱོགས་རིམས་ནད་གཙང་སེལ་ཐུབ་པ་བཅས་བྱ་རྒྱུ་མ་ཟད། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས། ཁ་སང་གྲོང་ཁུལ་གཙོ་བོར་དུག་སེལ་དོ་དམ་བྱེད་པའི་དུས་ཚོད་ཟླ་8ཚེས་15ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་བར་གཏན་འཁེལ་བྱས་ཡོད་པ་དེ་མུ་མཐུད་ཉིན་གསུམ་ནར་འགྱངས་བྱས་ཏེ། ཟླ་8ཚེས་18ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་བར་རྒྱུན་མཐུད་རྒྱུ་དང་། ལྷ་སའི་གྲོང་ཁུལ་གཙོ་བོར་སྡེ་ཁུལ་དྲ་མིག་ཅན་གཞི་རྩའི་སྡེ་ཚན་དུ་བྱས་ཏེ། མི་ཚང་མར་མྱུར་ཞིང་གནད་ལ་འཕིགས་པའི་ཉིང་སྐྱུར་བརྟག་དཔྱད་དང་ལེབ་བཤེར་ཐེངས་མང་བྱ་རྒྱུའི་གཏན་འཁེལ་བྱས་ཡོད། དེའི་རིང་དམིགས་བསལ་ལས་ཀ་དང་ཛ་དྲག་གནས་ཚུལ་མེད་ཚེ་ཕྱིར་མི་འགྲོ་བ་དང་། འདུ་འཛོམས་མི་བྱེད་པར་ཐུན་མོང་ཐོག་རིམས་ནད་འགོག་ཟོན་གྱི་དམར་ཐིག་དམ་པོར་བསྲུང་དགོས། རྒྱ་ཆེའི་གྲོང་མི་ཚོས་བསམ་ཤེས་དང་རྒྱབ་སྐྱོར། གཞོགས་འདེགས་བཅས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཚང་མར་སྟབས་མི་བདེ་བ་བཟོས་པར་དགོངས་དག་ཞུ་རྒྱུ་ཡིན། དེའི་རིང་རྒྱ་ཆེའི་འགྲུལ་པ་དང་ཡུལ་སྐོར་བས་ཆུ་ཚོད་48རིང་གི་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་སྲིབ་གཤིས་དཔང་རྟགས་ལ་བརྟེན་ཏེ་ལྷ་ས་ནས་ཁ་བྲལ་ཆོག
     ལྷ་ས་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་ནས།
     2022ལོའི་ཟླ་8ཚེས་14ཉིན།