འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་15ཉིན།

༄༅།།ལྷ་སའི་འགོ་ཁྲིད་3ལས་གནས་ནས་ཕུད་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་15ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཏོག་གསར་གློ་ཚད་རིམས་ནད་འགོག་ཟོན་བྱེད་པའི་ལས་དོན་དོན་འཁྱོལ་ཡག་པོ་མ་བྱས་པས། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་གཞོན་པ་ཧྥན་ཡོས་ཕིང་དང་། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚེ་བརྟན་སྒྲོལ་དཀར། ལྷ་ས་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཏང་ཀྲེ་པུའི་ཧྲུའུ་ཅི་ཨ་མིག་བཅས་འགོ་ཁྲིད་གསུམ་ལས་གནས་ནས་ཕུད་པ་རེད།
     རིམས་ནད་འགོག་ཟོན་གྱི་ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་དུ་བཏང་ནས། རིམས་ནད་འགོག་ཟོན་ལས་དོན་ལ་སྔར་ལས་ཤུགས་སྣོན་རྒྱག་ཆེད། ལྷ་ས་གྲོང་ཨུ་ཡིས་ཞིབ་འཇུག་བྱས་པ་བརྒྱུད། གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་ཧའུ་ཧྥེ་ལ་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་གཞོན་པའི་འགན་གཅིག་ལྕོགས་དང་། བློ་མཐུན་ཉི་མ་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པར་བསྐོ་བཞག་བྱ་རྒྱུ་མ་ཟད། གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འོས་མིར་མིང་འདོན་བྱས་ཤིང་། ཡན་ཀྲའུ་ཀྲུང་ལ་གྲོང་ཁྱེར་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་གཅིག་ལྕོགས་དང་། ཟླ་བ་སྒྲོལ་མ་ཁྲེང་ཀོན་ཆུས་ཨུ་ཡི་རྒྱུན་ཨུ་རུ་བསྐོ་བཞག་བྱ་རྒྱུ་མ་ཟད། ཁྲེང་ཀོན་ཆུས་ཀྱི་ཆུས་ཀྲང་གཞོན་པའི་འོས་མིར་མིང་འདོན་བྱས་པ་རེད།