འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་15ཉིན།

༄༅།།ཐའེ་ཝན་ལ་འཁྱམས་མྱུལ་དུ་སྐྱོད་མཁན་རྒྱལ་ཁབ་འདིའི་དཔོན་རིགས་ལ་བཀག་སྡོམ་བྱས་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་15ཉིན། 14:30】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པས། ཀྲུང་གོ་ཕྱོགས་ཀྱིས་ལི་ཐུ་ཝན་ནི་ཡའི་འགྲིམ་འགྲུལ་དང་འཕྲིན་གཏོང་པུའི་པུའུ་ཀྲང་གཞོན་པ་ཝ་དབྱི་ཆིའུ་ཁའེ་ཝུའེ་ཆིའུ་ཐེར་བཀག་སྡོམ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 
     ལི་ཐུ་ཝན་ནི་ཡའི་འགྲིམ་འགྲུལ་དང་འཕྲིན་གཏོང་པུའི་པུའུ་ཀྲང་གཞོན་པ་ཝ་དབྱི་ཆིའུ་ཁའེ་ཝུའེ་ཆིའུ་ཐེ་ཀྲུང་གོའི་ཐའེ་ཝན་ས་ཁུལ་ལ་འཁྱམས་མྱུལ་དུ་བསྐྱོད་ནས། ཀྲུང་གོ་གཅིག་གི་རྩ་དོན་རྡོག་རོལ་དུ་བཏང་བ་དང་། ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་ཚབས་ཆེན་བྱས་པ། ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་བཏང་ཡོད་པ་རེད། ཝ་དབྱི་ཆིའུ་ཁའེ་ཝུའེ་ཆིའུ་ཐེ་ཡི་འགྲན་སློང་སྤྱོད་ངན་ཐ་ཤལ་ལ་དམིགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་ཐག་བཅད་དོན། ཝ་དབྱི་ཆིའུ་ཁའེ་ཝུའེ་ཆིའུ་ཐེ་ལ་བཀག་སྡོམ་གྱི་བྱེད་ཐབས་སྤྱོད་རྒྱུ་དང་། ལི་ཐུ་ཝན་ནི་ཡའི་འགྲིམ་འགྲུལ་དང་འཕྲིན་གཏོང་པུའུ་དང་རྣམ་པ་གང་རུང་གི་འགྲོ་འོང་བྱེད་མཚམས་གནས་སྐབས་འཇོག་རྒྱུ། ལི་ཐུ་ཝན་ནི་ཡའི་རྒྱལ་སྤྱིའི་འགྲོ་ལམ་སྐྱེལ་འདྲེན་ཁྱབ་ཁོངས་དང་སྤེལ་རེས་མཉམ་ལས་བྱེད་མཚམས་གནས་སྐབས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།