འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་15ཉིན།

༄༅།།མཚོ་སྔོན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་ལ་ས་ཡོམ་རིམ་པ་5.9བྱུང་། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་15ཉིན། 14:26】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ས་ཡོམ་ལས་ཁུངས་ཀྱིས་དངོས་སུ་ཚད་འཇལ་བྱས་པ་ལྟར་ན། ཚེས་14ཉིན་གྱི་ཆུ་ཚོད་16དང་སྐར་མ་20ཡི་ཐོག་མཚོ་སྔོན་ཡུལ་ཤུལ་ཁུལ་རྫ་སྟོད་རྫོང(བྱང་གི་འཕྲེད་ཐིག་ཏུའུ་33.14དང་ཤར་གྱི་གཞུང་ཐིག་ཏུའུ་92.85)དུ་ས་ཡོམ་རིམ་པ་5.9བྱུང་བ་དང་། ཡོམ་ཁུངས་གཏིང་ཚད་སྟོང་སྨི་10ཟིན་ཡོད་པ་རེད། 
     གསར་འགོད་པས་རྫ་སྟོད་རྫོང་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ས་གནས་དེ་གར་ཡོམ་ཚོར་ཕྲན་བུ་བྱུང་བ་དང་། གནས་སྐབས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱོང་གུན་གྱི་གནས་ཚུལ་སྙན་ཞུ་འབྱོར་མེད། གནས་ཚུལ་གཞན་དག་སྔར་བས་ཤེས་རྟོགས་བྱེད་བཞིན་ཡོད་པ་རེད།