འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་15ཉིན།

༄༅།།མངའ་རིས་སྤུ་ཧྲེང་རྫོང་གི་ཞང་འདི་གཉིས་ཉེན་ཁ་ཆེ་བའི་ཁུལ་དུ་བཅུག

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་15ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་12ཉིན། སྤུ་ཧྲེང་རྫོང་གི་བར་ག་ཞང་དང་ཧོར་ཞང་དུ་ནད་རྟགས་མེད་པའི་ནད་པ་མང་པོ་ཞིག་གསར་དུ་ཐོན་པ་དེ་དག་མི་ཚོགས་མང་པོ་འདུ་ཡུལ་དང་འབྲེལ་བ་ཡོད་པས། སྤྱི་ཚོགས་ཐོག་ནད་དུག་མཆེད་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད། མངའ་རིས་ས་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་རིགས་གཅིག་མཁས་ཅན་ཚོ་ཆུང་གིས་ཞིབ་འཇུག་དང་བརྡར་ཤ་བཅད་པ་བརྒྱུད། སྤུ་ཧྲེང་རྫོང་གི་བར་ག་ཞང་དང་ཧོར་ཞང་གཉིས་ཉེན་ཁ་ཆེ་བའི་ཁུལ་དུ་བཅུག་ནས་དོ་དམ་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
     མངའ་རིས་ས་ཁུལ་གྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་ནས། 
     2022ལོའི་ཟླ་8ཚེས་14ཉིན་ཕབ།