འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་15ཉིན།

༄༅།།ཡུལ་འདིར་ཆུ་ལོག་བྱུང་ནས་མི་7རྐྱེན་ལམ་དུ་ཤོར་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་15ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་13ཉིན་གྱི་ཆུ་ཚོད་15དང་སྐར་མ་30ཡོལ་ཙམ་ལ། སི་ཁྲོན་ཕེང་ཀྲོའུ་གྲོང་ཁྱེར་ལུང་མོན་ཧྲན་གྲོང་རྡལ་ལ་ཆར་པ་བབས་ནས། ལུང་ཚའོ་ལུང་ཤུར་གྱི་ས་ཁོངས་སུ་གློ་བུར་དུ་ཆུ་ལོག་བྱུང་པ་རེད།
     ཕེང་ཀྲོའུ་ཡིས་གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་8ཚེས་13ཉིན་གྱི་ཆུ་ཚོད་24བར། ཞིང་ཆེན་དང་གྲོང་ཁྱེར་གྱི་རིགས་གཅིག་མཁས་ཅན་ཚོ་ཆུང་གིས་ནུས་ཤུགས་ཡོད་རྒུས་སྐྱོབ་བཅོས་བྱས་པ་བརྒྱུད། ཟླ་8ཚེས་13ཉིན་གློ་བུར་དུ་བྱུང་བའི་ཆུ་ལོག་གི་གནོད་རྐྱེན་ཕོག་མཁན་3མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་རྐྱེན་ལམ་དུ་ཤོར་བ་རེད། མིག་སྔར། གནོད་རྐྱེན་ལས་མི་7རྐྱེན་ལམ་དུ་ཤོར་བ་མ་ཟད། ད་དུང་རྨས་སྐྱོན་ཚབས་ཅུང་ཆུང་བའི་མི་3སྨན་ཁང་དུ་བསྡད་ནས་བརྟག་དཔྱད་བྱེད་བཞིན་ཡོད་པ་དང་། ཚེ་སྲོག་གི་ཁྱད་རྟགས་བརྟན་པོ་ཡོད་པ་རེད།
     མིག་སྔར། འཚོལ་སྐྱོབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་པ་རེད།