འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་15ཉིན།

༄༅།།བོད་ལྗོངས་ཀྱི་རིམས་ནད་གནས་ཚུལ་གསར་ཤོས། 99+848

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་15ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་8ཚེས་14ཉིན་གྱི་ཕྱི་དྲོ། བོད་རང་སྐྱོང་ལྗོངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རིམ་པ་དང་པོའི་སྐོར་གཟིགས་པ་ཝང་ཧྲོའུ་པི་ཡིས།ཟླ་8ཚེས་14ཉིན་གྱི་ཆུ་ཚོད་12བར་སླེབས་སྐབས། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ནད་དུག་ཕོག་པའི་གཏན་འཁེལ་བའི་ནད་པ་99དང་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མི་848ཡོད་པ་ངོ་སྤྲོད་བྱས་པ་རེད།   
   ཚེས་13ཉིན་ནས་བཟུང་། བོད་ལྗོངས་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)བདུན་གྱིས་ནད་དུག་འགོས་ནས་གདགས་གཤིས་གྱུར་མཁན་མི་གྲངས་མང་དུ་ཕྱིན་པ་བརྡ་ཁྱབ་ཡོངས་བསྒྲགས་བྱས་པ་དང་། རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་པ་སྟེ།
   གཅིག་ནི་གདགས་གཤིས་སྙན་ཞུ་ཐབས་ཇུས་ལེགས་སྒྲིག་བྱས་པའི་རྐྱེན་གྱིས་རེད། བོད་ལྗོངས་ནི་ས་རྒྱ་ཆེ་ཞིང་མི་ཉུང་བ་དང་མནོན་ཚད་དམའ་ཞིང་གསོ་རླུང་ཉུང་བ་ཡོད་སྟབས། བསྐྱར་བཤེར་བྱེད་པའི་དུས་ཚོད་རིང་དྲགས་པ་རེད། ཐོག་མའི་བརྟག་དཔྱད་བྱས་འབྲས་གདགས་གཤིས་ཡིན་པའི་མི་སྣ་ལོགས་སུ་བཀར་ནས་སྨན་བཅོས་བྱ་རྒྱུ་མི་འགོར་བ་དང་དུས་ཐོག་ཏུ་འགོ་ནད་ཀྱི་འབྱུང་རྩ་དོ་དམ་ཚོད་འཛིན་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་ཕྱོགས་བསྡུས་ཚོགས་ཆུང་བོད་ལྗོངས་ལས་དོན་ཚོགས་ཆུང་གི་མཛུབ་ཁྲིད་འོག ཁ་སང་ཉིང་སྐྱུར་བརྟག་དཔྱད་བྱས་འབྲས་ཐོག་མ་གདགས་གཤིས་ཡིན་པའི་མི་སྣ་དག་གནས་སྐབས་སུ་ནད་དུག་འགོས་ཀྱང་ནད་རྟགས་མངོན་མེད་པའི་མིའམ་ཡང་ན་ནད་གཞི་གཏན་འཁེལ་བའི་ནད་པར་བརྩིས་ནས་ཞུས་པ་དང་དོ་དམ་བྱས་ཡོད།
   གཉིས་ནི་ཉིང་སྐྱུར་གྲལ་བཤེར་བྱེད་ནུས་ཆེ་རུ་ཕྱིན་པའི་རྐྱེན་གྱིས་རེད། དུས་འགོའི་ཉིང་སྐྱུར་གྱི་མ་དཔེ་འཚོལ་བཤེར་ནུས་པ་མི་འདང་བའི་དབང་གིས་དུས་ཐོག་ཏུ་བརྟག་དཔྱད་ཚད་ལེན་ཡག་པོ་ཐུབ་མེད་པ་རེད། ཉིན་འདི་གཉིས་ནང་། བོད་རང་སྐྱོང་ལྗོངས་ཀྱིས་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱས་པ། ཉིང་སྐྱུར་བརྟག་དཔྱད་ཚད་ལེན་གྱི་སྤྱིའི་བརྒྱུད་རིམ་ལེགས་སུ་བཏང་བ་བཅས་བྱས་པར་བརྟེན་ཉིང་སྐྱུར་བརྟག་དཔྱད་བྱེད་ནུས་ཆེ་རུ་ཕྱིན་ཡོད་པ་རེད།
   གསུམ་ནི་ནད་དུག་གི་ཁྱད་གཤིས་ཀྱི་རྐྱེན་པས་རེད། མིག་སྔའི་གཞི་རྒྱུའི་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་གཞིགས་ན། ད་ཐེངས་ཀྱི་རིམས་ནད་བྱུང་ཚུལ་གྱི་དུག་རྐང་ནི་ཨའོ་སྨི་ཁེ་རུང་BA.2.76གཞན་འགྱུར་དུག་རྐང་ཡིན་ཞིང་།དེར་ནད་རྟགས་མི་མངོན་པའི་དུས་དེ་བས་ཐུང་བ་དང་། ཕྱིར་མཆེད་ཤུགས་དེ་བས་ཆེ་བ། འགོས་པའི་མྱུར་ཚད་དེ་བས་མགྱོགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། ཡིབ་གཤིས་ཐོག་ནས་ནད་མཆེད་པ་དང་འགོ་ཁྱབ་ཀྱི་འབྲེལ་ཐག་མང་པོ་ལས་ནད་མཆེད་སླ་བ་དང་། མཉམ་འཛོམས་ཐོག་ནས་ནད་འགོས་པའི་སྣང་ཚུལ་ཐོན་བ། ནད་འགོས་མཁན་མི་གྲངས་མང་དུ་ཕྱིན་ཡོད་པ་རེད། ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱས་པ་དེས་་མི་ཚོགས་ཁྲོད་ཀྱི་ཡིབ་ནས་ཡོད་པའི་ནད་འགོས་མཁན་ཚང་མ་ཕྱིར་བཏོན་མཐར། དེ་ནས་འགོ་ནད་ཀྱི་འབྱུང་ཁུངས་ཚོད་འཛིན་གང་མགྱོགས་དང་འགོ་ཁྱབ་ཀྱི་འབྲེལ་ཐག་གཅོད་ཐབས་གང་མགྱོགས་བྱེད་དགོས་ཀྱི་ཡོད་པ་རེད།