འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་12ཉིན།

༄༅།།ཏོག་གསར་སྨན་འདི་ས་ཆ་འདི་དག་ལ་བསྐྱལ་ཟིན། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་12ཉིན། 15:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཏོག་གསར་སྨན་འདི་ས་ཆ་འདི་དག་ལ་བསྐྱལ་ཟིན།
   མི་དམངས་དྲ་བའི་འཕྲིན། ཉེ་དུས། རྒྱལ་ནང་གི་ཧའེ་ནན་དང་ཞིན་ཅང་སོགས་ས་ཆ་མང་པོར་རིམས་ནད་མཆེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་སྔར་བཞིན་ཛ་དྲག་ཡིན་ལ་རྙོག་འཛིང་ཆེ་བ་ཡོད། ཟླ་8ཚེས་11ཉིན་གྱི་དགོང་མོར། གསར་འགོད་པས་ཧྥུའུ་ཞིན་གསོ་རིག་སྨན་རྫས་ཧོ་ནན་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ས་གནས་ཁག་གི་སྲིད་གཞུང་གི་དགོས་མཁོ་དང་ལེན་ཧུར་ཐག་བྱས་ཏེ། ཏོག་གསར་གློ་ཚད་འགོག་པའི་ཆ་རྡུལ་ཆུང་བའི་བཏུང་སྨན་ཨ་ཙེ་ཧྥུའུ་ཏིང་སྨན་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་རོགས་སྐྱོར་བྱེད་པར་འཕྲལ་མྱུར་བཀོད་སྒྲིག་བྱས་པ་རེད། ཉེ་ཆར། ཧའེ་ནན་དང་ཞིན་ཅང་ཧོ་ནན་སོགས་སུ་བསྟུད་མར་དབོར་འདྲེན་བྱས་ཟིན། 
   ཨ་ཙེ་ཧྥུའུ་ཏིང་ཡི་རིན་གོང་ཡང་ཐོག་མར་བསྒྲགས་ཡོད་པ་རེད། ཧྥུའུ་ཞིན་གསོ་རིག་སྨན་རྫས་ཀྱིས་བསྟན་དོན། ས་གནས་ཁག་གི་སྨན་བཅོས་འགན་བཅོལ་དྲ་བའི་རིན་གོང་གཞིར་བཟུང་། ཨ་ཙེ་ཧྥུའུ་ཏིང་སྨན་ཤེལ་དམ་རེར་སྒོར་270དང་། ཤེལ་དམ་རེར་རིལ་བུ་35ཡོད། རིལ་བུ་རེར་1mgཡོད། མིག་སྔར་ཁྲོམ་རར་བཏོན་ཟིན་པའི་ཏོག་གསར་སྨན་བཅོས་ཀྱི་སྨན་རྫས་གསར་པ་དང་བསྡུར་ན། ཨ་ཙེ་ཧྥུའུ་ཏིང་སྨན་རྫས་ཀྱི་རིན་གོང་ལ་ལེགས་ཆ་ཆེ་ཙམ་ལྡན་ཡོད་པ་བསྟན། 
   ཟླ་8ཚེས་9ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཐིང་དང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཅུས་གཞུང་དོན་ཁང་གིས་བརྡ་ཐོ་བཏང་སྟེ། སྨན་དེ《ཏོག་དབྱིབས་ནད་དུག་གློ་ཚད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞིའི(པར་གཞི་དགུ་པ)》ནང་བཅུག་པ་རེད། 《ནད་བརྟག་སྨན་བཅོས་ཇུས་གཞི》གཞིར་བཟུང་། ཨ་ཙེ་ཧྥུའུ་ཏིང་དེ་སྤྱིར་བཏང་རྣམ་པའི་ཏོག་དབྱིབས་ནད་དུག་གློ་ཚད་(COVID-19)ཕོག་པའི་མི་དར་མ་ལ་སྨན་བཅོས་བྱེད་པར་སྤྱོད་རྒྱུ་རེད། འཐུང་སྟངས་དང་འཐུང་ཚད་ནི་ཁོག་སྟོང་ལ་འཐུང་དགོས་པ། འཐུང་ཐེངས་རེར་5mgདང་། ཉིན་རེར་ཐེངས་1འཐུང་དགོས། འཐུང་ཡུན་རིང་ཤོས་ཉིན་14རེད། 
   གོང་དུ་བཤད་པའི་འཐུང་སྟངས་དང་འཐུང་ཚད་ལ་གཞིགས་ཏེ་རྩིས་བརྒྱབ་ན། ནད་པས་ཉིན་རེར་རིལ་བུ་5རེ་འཐུང་དགོས་པ་དང་། ཉིན་14ཡི་ནང་སྨན་བཅོས་བྱེད་པར་རིལ་བུ་70དགོས་ཤིང་། དེ་ནི་སྨན་སྒམ་གཉིས་ཀྱི་འཐུང་ཚད་རེད། དེ་ལ་དགོས་པའི་སྨན་རིན་སྒོར་540ཡིན་འདུག