འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་9ཉིན།

༄༅།།ནག་ཆུའི་གསའ་རྔོན་མཁན་3བཟུང་ཡོད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་09ཉིན། 15:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ནག་ཆུའི་གསའ་རྔོན་མཁན་3བཟུང་ཡོད།
   མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ནག་ཆུ་སྤྱི་བདེའི་ཆ་འཕྲིན་ལ་གཞིགས་ན། ཉེ་ཆར་ནག་ཆུ་འབྲི་རུ་རྫོང་སྤྱི་བདེ་ཅུས་ཀྱིས་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་ལ་གནོད་འཚེ་བཟོས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་ནས་ཉེས་གསོག་དོགས་ཅན་3བཟུང་བ་རེད། 
འདྲི་རྩད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་ཧྲང་ཆེ་གེ་མོ་དང་། སྐལ་ཆེ་གེ་མོ།  ཧྲང་ཆེ་གེ་མོ་བཅས་ཀྱིས་འབྲི་རུ་རྫོང་རྩ་ལ་ཤང་གི་ས་ཁོངས་ནས་ལྕགས་སྐུད་ཀྱི་རྙི་བཙུགས་ཏེ་གསའ་ཞིག་དང་གླ་བ་བདུན་བསད་པ་རེད། ཉེས་གསོག་དོགས་ཅན་3གྱིས་ཁོ་ཚོའི་ཉེས་གསོག་དོན་དངོས་ཡོངས་སུ་ངོས་ལེན་བྱས་པ་རེད། མིག་སྔར་ཉེས་གསོག་དོགས་ཅན་ཁྲིམས་ལྟར་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་དང་གྱོད་གཞི་དེར་རིམ་གྱིས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད། 
   འདྲི་ཞིབ་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཧྲང་ཆེ་གེ་མོ་དང་། སྐལ་ཆེ་གེ་མོ། ཧྲང་ཆེ་གེ་མོ་སོགས་ཀྱིས་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྩ་ཆེན་ལ་གནོད་འཚེ་བཟོས་པའི་ཉེས་གསོག་དོན་དངོས་ཡོངས་སུ་ངོས་ལེན་བྱས་པ་རེད། མིག་སྔར་གྱོད་གཞི་དེ་རིམ་གྱིས་མྱུལ་ཞིབ་བྱེད་བཞིན་ཡོད་པ་རེད།
༄༅།།ནག་ཆུའི་གསའ་རྔོན་མཁན་3བཟུང་ཡོད།