འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་8ཉིན།

༄༅།།བོད་ལྗོངས་མི་དམངས་སྨན་ཁང་གི་བརྡ་ཐོ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་08ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། རྒྱ་ཆེའི་གྲོང་མི་གྲོགས་པོ་རྣམ་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་གཞིགས་ཏེ་ད་ནས་ངེད་སྨན་ཁང་གིས་སྒོ་བསྟེན་སྨན་ཁང་དང་། དམིགས་བསལ་སྒོ་བསྟེན་སྨན་ཁང་། བདེ་ཐང་གཟུགས་པོར་བརྟག་དཔྱད་བཅས་དང་དེ་བཞིན་སྨན་བཅོས་ལས་སྒོ་ཉིན་གཅིག་གཉེར་མཚམས་འཇོག་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་ནད་པར་ཐུག་འཕྲད་བྱེད་མི་ཆོག ལྕི་ནད་ཕོག་མཁན་འཕྲལ་བཅོས་ཁང་དུ་ཕེབས་རོགས། 
    སྐད་འཕྲིན་སྤྱི་སྟེགས་དང་། 114ཐོག་ནས་ཐོ་འགོད་བྱེད་མཁན་ནད་པས་དྲ་ཐོག་ནས་ཐོ་འགོད་ཕྱིར་འཐེན་བྱེད་ཆོག ཐབས་ལམ་གཞན་དག་ནས་ཐོ་འགོད་བྱེད་མཁན་ཚོས་སང་ཉིན་སྔར་ཡོད་ཀྱི་ཐོ་འགོད་འཛིན་ཡིག་ཁྱེར་ནས་སྒོ་བསྟེན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་བློ་འདྲིའི་སྟེགས་བུར་བསྐྱོད་དེ། ཐོ་འགོད་ཕྱིར་འཐེན་ནམ་ཡང་ན་སྨན་ཁང་གིས་ཆེད་ལས་གཅིག་མཚུངས་ཀྱི་སྨན་པ་བཀོད་སྒྲིག་བྱས་ནས་སྨན་བཅོས་བྱ་རྒྱུ་རེད། 
    སྐུ་ཉིད་ལ་ཐུགས་སུན་ཞུས་པས་དགོངས་འགལ་མེད་པ་ཞུ། 
   བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་། 
   2022ལོའི་ཟླ་8ཚེས་8ཉིན།