འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་8ཉིན།

༄༅།།སྣུམ་གོང་བསྟུད་མར་ཐེངས་བཞི་པར་ཆག་རྒྱུའི་རེ་བ་ཡོད།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་08ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། གཟའ་འཁོར་འདིའི་གཟའ་ལྷག་པ་དང་ཕུར་བུའི་ཉིན་ལ།རྒྱལ་སྤྱིའི་སྣུམ་གོང་ཉིན་གཉིས་ལ་བསྟུད་མར་ཆག་ཡོད། ཉེ་ལམ། ཉོ་འཚོང་ཉིན་བཞི་ལ་ཐེངས་གསུམ་ཆག་པ་རེད།
   མ་གཞི་སྔོན་དཔག་བྱས་ན་སྣུམ་གོང་མཐོ་རུ་འགྲོ་རྒྱུའི་རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་ལ་འགྱུར་ལྡོག་གསར་པ་བྱུང་ཡོད། གལ་ཏེ་མ་འོངས་པའི་ལས་ཞག་གསུམ་གྱི་ནང་རྒྱལ་སྤྱིའི་སྣུམ་གོང་ལ་འཕར་ཆག་ཆེན་པོ་མ་བྱུང་ན། གཟའ་འཁོར་རྗེས་མའི་གཟའ་མིག་དམར་དགོང་མོར།རྒྱལ་ནང་གི་སྣུམ་གོང་ཅུང་ཙམ་ཆག་རྒྱུ་སྟེ་“བསྟུད་མར་ཐེངས་བཞི་པར་ཆག་པའི”རེ་བ་ཡོད།