འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་8ཉིན།

༄༅།།བོད་ལྗོངས་སུ་ཉིང་སྐྱུར་གདགས་གཤིས་ཅན་བཞི་བྱུང་འདུག 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་08ཉིན། 13:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཚེས་8ཉིན། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་ཏོག་གསར་གློ་ཚད་རིམས་ནད་གནས་ཚུལ་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་གིས་སྤྱི་བསྒྲགས་སྤེལ་ནས། ཚེས་7ཉིན། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གིས་རྒྱུན་གཏན་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་སྐབས། ཕྱི་ནས་ཡོང་བའི་ཡུལ་སྐོར་བ་4ཡི་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་གདགས་གཤིས་ཡིན་པ་ཤེས་རྟོགས་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།
     གནས་ཚུལ་ཞིབ་ཕྲ་གཤམ་གསལ།
     གདགས་གཤིས་ནད་པ་དང་པོ། བུད་མེད། ལོ་61བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་གླིང་གསར་གྲོང་ཚོ་ནས་ཡིན། ད་ལྟ་ཏོག་གསར་ནད་དུག་ནད་རྟགས་མེད་པའི་ནད་པ་རེད།
     གདགས་གཤིས་ནད་པ་གཉིས་པ། སྐྱེས་པ། ལོ་59 བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གྲོང་ལྷོ་ཁྲོམ་གཞུང་སྐྱིད་འཕེལ་གླིང་སྡེ་ཁུལ་ནས་ཡིན། ད་ལྟ་ཏོག་གསར་ནད་དུག་ནད་རྟགས་མེད་པའི་ནད་པ་རེད།
     གདགས་གཤིས་ནད་པ་གསུམ་པ། བུད་མེད། ལོ་55 བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ལས་འགྲོ་གྲོང་ཚོ་ནས་ཡིན། ད་ལྟ་ཏོག་གསར་ནད་དུག་ནད་རྟགས་མེད་པའི་ནད་པ་རེད།
     གདགས་གཤིས་ནད་པ་བཞི་པ། བུད་མེད། ལོ་47 བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་ལས་འགྲོ་གྲོང་ཚོ་ནས་ཡིན། ད་ལྟ་ཏོག་གསར་ནད་དུག་ནད་རྟགས་མེད་པའི་ནད་པ་རེད།
     མིག་སྔར་ནད་རྟགས་མེད་པའི་ནད་པ་བཞི་པོར་གནས་གཏན་འཁེལ་གྱི་སྨན་བཅོས་བྱས་པ་མ་ཟད། ཁོང་ཚོ་དང་འབྲེལ་བ་དམ་ཟབ་དང་འབྲེལ་བ་ཅུང་ཙམ་ཡོད་མཁན་ཚོར་གཅིག་སྡུད་ལོགས་སུ་བཀར་ནས་དོ་དམ་ཚོད་འཛིན་ཡང་བྱས་པ་རེད།
     མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་ད་ལྟ་ཉེན་ཁ་འབྲིང་བའི་ཁུལ་7གཏན་འཁེལ་བྱས་ཡོད་པ་སྟེ། གསེར་ར་ལུང་དགོན་དང་། ཁྲུས་སྒོ་དགོན། ཅིང་ཧྭ་མགྲོན་ཁང་། ཞའོ་ཅུན་ཀན་རྒྱ་ཁོག་ཟ་ཁང་། འཁོར་ཆགས་དགོན། སྤུ་ཧྲེང་རྫོང་ཐང་ག་རྒྱལ་སྤྱིའི་མཐའ་མཚམས་ཉོ་ཚོང་ཁྲོམ་ར། བྱེའུ་དགོན་བཅས་ཡིན། སྤུ་ཧྲེང་རྫོང་གི་ས་ཁོངས་གཞན་དག་ཏུ་ཉེན་ཁ་ཆུང་བའི་ཁུལ་ལྟར་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་བྱེད་རྒྱུ་རེད།