འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་4ཉིན།

༄༅།།ཝང་དབྱིས་ཀྲུང་ཧྭར་བཙན་གནོད་ཕོད་མཁན་ཡོད་ན་ཆད་པ་གཅོད་ངེས་ཡིན་བཤད། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་04ཉིན། 15:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
 མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་3ཉིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ཁམ་ཕུ་ཁྲེར་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུར་ཞུགས་སྐབས། ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་ཕེ་ལུའོ་ཞི་ཀྲུང་གོའི་ཐའེ་ཝན་ས་ཁུལ་དུ་འཁྱམས་མྱུལ་དུ་སོང་བ་དེ་ནི“རྦད་དེ་དགོད་སྤྲོ་བའི་བྱ་བ”ཞིག་རེད། མེ་རྩེད་མཁན་ལ་མཇུག་འབྲས་ལེགས་པོ་ཞིག་གཏན་ནས་མེད་ཅིང་། ཀྲུང་གོར་རྒོལ་མཁན་ལ་ཆད་པ་གཅོད་ངེས་རེད་ཅེས་བཤད་པ་རེད། 
     ཝང་དབྱི་ཡིས། ངས་ཚང་མར་ཤོད་དགོས་པ་ཞིག་ནི་དེ་ནི་རྦད་དེ་དགོད་སྤྲོ་བའི་བྱ་བ་ཞིག་རེད་ཅེས་བཤད་པ་རེད། ཨ་རི་ཕྱོགས་ཀྱིས“དམངས་གཙོ”ཟེར་བའི་གཡོ་བྱང་དེ་ཁྱེར་ནས་ཀྲུང་གོའི་བདག་དབང་ལ་གནོད་པའི་བྱ་ངན་བྱེད་ཀྱི་ཡོད། ཐའེ་ཝན་གྱི་ཚའེ་དབྱི་ཝུན་སོགས་ཀྱིས་མི་རིགས་ཀྱི་བདེན་དོན་རྒྱབ་ཏུ་བསྐྱུར་ནས་ཨ་རིའི“རྐང་པ་སྦོམ་པོར”འཇུས་ནས་མི་གློད་པའི་ལྡོག་ཕྱོགས་ཀྱི་བྱ་སྤྱོད་དེ་དག་གིས། ཀྲུང་གོ་གཅིག་གི་རྒྱལ་སྤྱིའི་ངོས་འཛིན་གཅིག་མཐུན་ལ་རྩ་བ་ནས་འགྱུར་ལྡོག་གཏོང་མི་ཐུབ་པ་དང་། ཐའེ་ཝན་མེས་རྒྱལ་གྱི་པང་དུ་ལོག་པའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡང་རྩ་བ་ནས་བསྒྱུར་མི་ཐུབ། མེ་ལ་རྩེད་མཁན་ལ་མཇུག་འབྲས་ལེགས་པོ་ཞིག་གཏན་ནས་མེད་ཅེས་བཤད་པ་རེད།