༄༅།།ཐའེ་ཝན་གྱི་ཤིང་འབྲས་འདི་རིགས་སྐམ་ས་ཆེན་པོར་འདྲེན་རྒྱུ་མཚམས་བཞག
གསར་འགྱུར་སྤེལ་དུས། 【2022ལོའི་ཟླ་ 08ཚེས་03ཉིན། 13:51】 (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
མི་དམངས་དྲ་བའི་འཕྲིན། ན་ནིང་ནས་བཟུང་སྐམ་ས་ཆེ་མོའི་འགག་སྒོ་ལས་ཁུངས་ཀྱིས་ཐའེ་ཝན་ས་ཁུལ་ནས་འདྲེན་པའི་ཚ་ལུ་མའི་རིགས་ཀྱི་ཤིང་འབྲས་ནང་དུ་ནད་ཡམས་ཞིབ་བཤེར་རང་བཞིན་གྱི་གནོད་ཡོད་སྐྱེ་དངོས་(大洋臀纹粉蚧Planococcus minor)དང་། དེ་བཞིན་པེ་ལིའུ་ལིན་དང་ལེ་ཀུའོ་ཡི་འཕྲོ་ལུས་ཚད་ལས་བརྒལ་བ་ཞིབ་དཔྱད་ཐུབ་ཡོད།
ད་ལོའི་ཟླ་6པར། ཐའེ་ཝན་ས་ཁུལ་ནས་སྐམ་ས་ཆེ་མོར་ནང་འདྲེན་བྱས་པའི་འཁྱག་དར་བླུགས་པའི་ཉ་སོས་པ་དང་སྨྱུག་མའི་འཁྱག་ཉའི་ཐུམ་སྒྲིལ་ཐོག་ནས་ཏོག་གསར་ནད་དུག་གི་ཉིང་སྐྱུར་གདགས་གཤིས་ཞིབ་དཔྱད་ཐུབ་ཡོད། ཉེན་ཁ་སྔོན་འགོག་བྱ་ཆེད། སྐམ་ས་ཆེ་མོའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་ཚད་གཞི་ལྟར། 2022ལོའི་ཟླ་8ཚེས་3ཉིན་ནས་བཟུང་། ཐའེ་ཝན་ས་ཁུལ་གྱི་ཚ་ལུ་མ་རིགས་ཀྱི་ཤིང་འབྲས་དང་འཁྱག་དར་ཉ་དཀར་པོ་དང་འཁྱག་སྨྱུག་ཉ་སྐམ་ས་ཆེ་མོར་ནང་འདྲེན་བྱེད་མཚམས་འཇོག་རྒྱུའི་གཏན་འབེབས་བྱས་པ་རེད།
འགག་སྒོ་ཁག་གིས་2022ལོའི་ཟླ་8ཚེས་3ཉིན་ནས་བཟུང་། ཐའེ་ཝན་ས་ཁུལ་གྱི་ཚ་ལུ་མ་རིགས་ཀྱི་ཤིང་འབྲས་དང་འཁྱག་པའི་ཉ། འཁྱག་པའི་སྨྱུག་ཁ་ཉ་ཡི་འགག་སྒྲོལ་སྙན་ཞུ་གནས་སྐབས་བདག་སྤྲོད་བྱ་རྒྱུ་མཚམས་འཇོག་རྒྱུ་མ་ཟད། གོང་གི་གནས་ཚུལ་དག་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་ཁེ་ལས་ལ་དུས་ཐོག་ཏུ་བརྡ་ཐོ་གཏོང་རྒྱུ་ཡིན་པ་རེད།
