འཚོལ་བཤེར།   
藏文频道
2022ལོའི་ཟླ་8ཚེས་2ཉིན།

༄༅།།མཚོ་སྔོན་པོ་སྐོར་བའི་འགྲན་མཚམས་ལྔ་པར་ཀན་སུའུ་ལུས་རྩལ་རྒྱན་ཤོག་རུ་ཁག་གི་བདམས་
ཐོན་པ་ཕེང་ཤིན་གྱིས་ཨང་དང་པོ་བླངས་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 08ཚེས་02ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
འདི་ནི་ཕིང་ཐན་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཀྲོའུ་ཅི་རུ་ཁག་གི་བདམས་ཐོན་པ་ལིའུ་ཅན་ཁུན་གྱིས་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་གྱོན་གོས་སེར་པོ་གྱོན་ཏེ་བྱ་དགའ་ལེན་སའི་སྡིངས་ཆར་རྟེན་འབྲེལ་ཞུ་བཞིན་པ།
འདི་ནི་ཕིང་ཐན་རྒྱལ་སྤྱིའི་ཡུལ་སྐོར་གླིང་ཀྲོའུ་ཅི་རུ་ཁག་གི་བདམས་ཐོན་པ་ལིའུ་ཅན་ཁུན་གྱིས་མི་སྒེར་གྱི་སྤྱིའི་གྲུབ་འབྲས་ཨང་དང་པོ་མཚོན་པའི་གྱོན་གོས་སེར་པོ་གྱོན་ཏེ་བྱ་དགའ་ལེན་སའི་སྡིངས་ཆར་རྟེན་འབྲེལ་ཞུ་བཞིན་པ།
   མཚོ་སྔོན་པོ་སྐོར་བའི་འགྲན་མཚམས་ལྔ་པར་ཀན་སུའུ་ལུས་རྩལ་རྒྱན་ཤོག་རུ་ཁག་གི་བདམས་ཐོན་པ་ཕེང་ཤིན་གྱིས་ཨང་དང་པོ་བླངས་པ།
    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཚེས་31ཉིན། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་ཉེར་གཅིག་པའི་འགྲན་མཚམས་ལྔ་པ་སྟེ། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ནས་ཚྭ་ཁ་དང་པོ·ཚྭ་མཚོའི་མཛེས་ལྗོངས་ཁུལ་བར་གྱི་འགྲན་བསྡུར་བྱས་ཤིང་། ཀན་སུའུ་ལུས་རྩལ་རྒྱན་ཤོག་རུ་ཁག་གི་བདམས་ཐོན་པ་ཕེང་ཤིན་གྱིས་མཐའ་མའི་གདོང་མཆོང་བྱེད་རིང་། ཅེ་ཨན་ཐེ་ཀྲོའུ་ཅི་རུ་ཁག་གི་ཝུའུ་ཅུན་ཅེ་ལས་རྣམ་པར་རྒྱལ་ནས་འགྲན་མཚམས་དེའི་ཨང་དང་པོ་བླངས་པ་དང་། ལི་ཉིང་ཀྲི་ཤིང་ཀྲོའུ་ཅི་རུ་ཁག་གི་བདམས་ཐོན་པ་ཉིའུ་དབྱི་ཁུའེ་ཡིས་འགྲན་མཚམས་དེའི་ཨང་གསུམ་པ་བླངས་པ་རེད།
    ངོ་སྤྲོད་བྱས་པར་གཞིགས་ན། སྤྱིའི་རིང་ཚད་ལ་སྤྱི་ལེ་140ཟིན་པའི་འགྲན་མཚམས་དེར་མཐའ་མའི་གདོང་མཆོང་བྱ་ཡུལ་གཉིས་དང་གྱེན་འཛེག་ས་གཅིག་བཙུགས་ཡོད་པ་དང་། མཐའ་མའི་གདོང་མཆོང་བྱ་ཡུལ་དེ་འགྲན་ལམ་གྱི་སྤྱི་ལེ་19.42དང་སྤྱི་ལེ་67ཡི་སར་བཙུགས་ཡོད་པ་དང་། གྱེན་འཛེག་ས་དེ་འགྲན་ལམ་གྱི་སྤྱི་ལེ་89.2མཚམས་ཀྱི་ཙག་ག་ཨ་སིལ་ཡིན་ཞིང་། དེར་ས་བབ་མཐོ་ཚད་སྨི་3798ཟིན་པས་རིམ་པ་དང་པོའི་གྱེན་ལམ་ཡིན་པ་རེད།
    གཞན་ཡང་ཟླ་8ཚེས་1ཉིན་ནས་མཚོ་སྔོན་པོ་སྐོར་བའི་འགྲན་མཚམས་དྲུག་པ་སྟེ། ཚྭ་ཁ་ཨང་དང་པོའི་ཚྭ་མཚོའི་མཛེས་ལྗོངས་ཁུལ་ནས་དུར་ལམ་བར་གྱི་འགྲན་བསྡུར་བྱེད་འགོ་ཚུགས་པ་རེད།