འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་18ཉིན།

༄༅།།ལྷོ་སྣེ་གླིང་གློ་ཁར་གྱུར་བའི་རྒྱུ་མཚན་ཅི་ཡིན། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་18ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ལྷོ་སྣེ་གླིང་གློ་ཁར་གྱུར་བའི་རྒྱུ་མཚན་ཅི་ཡིན།
     མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཚན་རིག་པ་ཚོས་ལྷོ་སྣེ་གླིང་ནས་མཐོང་དཀོན་པའི་སྣང་ཚུལ་ཞིག་མཐོང་། གྲང་ངར་ཆེ་བའི་དགུན་དུས་སུ་མུན་ནག་གི་ལྷོ་སྣེ་གླིང་གི་མཁའ་དབྱིངས་སུ་མཚམས་སྤྲིན་གློ་ཁའི་འོད་མདངས་ཀྱིས་ཁེངས། སྣང་ཚུལ་དེ་ནི་ལྷོ་སྣེའི་གླིང་དང་བར་ཐག་སྤྱི་ལེ་7000ཡོད་པའི་ཐང་ཅ་རུ་ད་ལོའི་ཟླ་དང་པོར་མེ་རི་འཕྱུར་བ་དང་འབྲེལ་བ་ཡོད་པ་རེད། 
ཐང་ཅ་མེ་རི་འཕྱུར་བ་དང་འབྲེལ་བ་ཡོད་པའི་རྒྱུ་མཚན་ཅི་ཡིན་ཟེར་ན།  
   ཚན་རིག་པ་ཚོས་ཤེས་རྟོགས་བྱུང་བར། ལྷོ་སྣེ་གླིང་དུ་མཐོང་དཀོན་པའི་སྣང་ཚུལ་འདི་ནི་ཐང་ཅ་མེ་རི་འཕྱུར་རྗེས་བྱུང་བའི་“འཕྲོས་ཟེར”ནུས་སྣང་ལས་བྱུང་བ་རེད། 
ནེའུ་ཙི་ལན་གྱི་རླུང་ཁམས་ཆེན་མོ་དང་ཆུ་ཞིབ་འཇུག་ཁང་གི་ཚན་རིག་མཁས་ཅན་གྱིས་ཐང་ཅ་མེ་རི་འབར་སྐབས་རླུང་གཟུགས་དང་ཐལ་རྡུལ་མང་པོ་འཕྱུར་ནས་རླངས་ཞུ་སྤྱིན་ཆགས་པ་རེད། སྙོམས་རྒྱུག་རིམ་པའི་རླུང་ཞུ་སྤྱིན་ནི་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཟླ་བ་ཁ་ཤས་རིང་ལ་རྒྱུན་ཆད་མེད་པར་འཁོར་སྐྱོད་བྱེད་ཀྱི་ཡོད། ཉི་མ་ནུབ་པའམ་ཤར་བ་དང་བསྟུན། རླུང་ཞུ་སྤྱིན་གྱིས་འོད་ཐིག་ལ་ཐོར་འཕྲོ་དང་གུག་པའི་ནུས་པ་ཐོན་པ་དང་། དེ་དུས་མཁའ་དབྱིངས་སུ་ཁ་དོག་གློ་ཁ་དང་། སྔོན་པོ། སྨུག་པོ་སོགས་ཀྱི་འོད་ཐོན་གྱི་ཡོད་ཅེས་འགྲེལ་བཤད་བརྒྱབ་པ་རེད།
    ཉི་མ་ནུབ་རྗེས་སམ་ཉི་ཤར་གྱི་སྔོན་ལ་ཚོན་མདངས་རྣམ་པར་བཀྲ་བ་མཐོང་བས། ཚན་རིག་པ་རྣམས་ཀྱིས་འདི་ལྟ་བུའི་ནུས་སྣང་ལ་“འཕྲོས་ཟེར”ཅེས་འབོད།
   མིའི་རིགས་ཀྱིས་མཁའ་དབྱིངས་གཅིག་མཉམ་སྤྱོད་བྱེད་ཀྱི་ཡོད།
ནེའུ་ཙི་ལན་གྱི་རླུང་ཁམས་ཆེན་མོ་དང་ཆུ་ཞིབ་འཇུག་ཁང་གི་སྔོན་བརྡ་གཏོང་མཁན་ནཱ་ཝ·ཧྥེ་ཏ་ཕུའུ་ཡིས། སྲུང་སྐར་སྐུལ་འོད་ལེ་ཏར་གྱི་ལྟ་ཞིབ་ཚད་ལེན་གཞི་གྲངས་ཀྱི་ཐོག་ནས་མངོན་པར་གཞིགས་ན། ད་ལྟ་ལྷོ་སྣེ་གླིང་གི་སྤྱི་ལེ་15ནས་24བར་གྱི་ས་ཁོངས་ཀྱི་སྙོམས་རྒྱུག་བང་རིམ་ཁྲོད་རླུང་ཞུ་སྤྱིན་མང་པོ་འདུས་ཡོད་མོད། འོན་ཀྱང་ཐང་ཅ་མེ་རི་མ་བྱུང་གོང་རླུང་ཞུ་སྤྱིན་དེ་དག་མེད་ཅེས་བཤད། 
    ནེའུ་ཙི་ལན་གྱི་ལྷོ་སྣེའི་ཞིབ་འཇུག་སྒྲིག་གཞིའི་དབུ་བཞུགས་ཚན་རིག་བློ་འདྲི་བ་ཆའོ་ཏི·ཧེང་ཏེ་ལི་ཁེ་སིས། ལྷོ་སྣེ་གླིང་དང་ཐང་ཅའི་བར་ཐག་སྤྱི་ལེ་7000ཙམ་ཡོད་མོད། འོན་ཀྱང་མིའི་རིགས་ཀྱིས་མཁའ་དབྱིངས་གཅིག་མཉམ་སྤྱོད་བྱེད་ཀྱི་ཡོད། དེར་བརྟེན་ཐང་ཅ་མེ་རིའི“འཕྲོས་ཟེར”ནུས་སྣང་ཡང་ལྷོ་སྣེ་གླིང་དུ་ཐོན་གྱི་ཡོད་ཅེས་བཤད་པ་རེད།
༄༅།།ལྷོ་སྣེ་གླིང་གློ་ཁར་གྱུར་བའི་རྒྱུ་མཚན་ཅི་ཡིན།