འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་18ཉིན།

༄༅།།དབྱིན་ཇིར་ཚ་བ་ཆེ་ནས་མེ་འཁོར་ལམ་དུ་མེ་འབར་བ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་18ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། དབྱར་འགོ་བཙུགས་པ་ནས་བཟུང་། དབྱིན་ཇིའི་དྲོད་ཚད་མཐོ་བའི་གནམ་གཤིས་རྒྱུན་མཐུད་བྱུང་། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་18དང་ཚེས་19ཉིན་དབྱིན་ཇིའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་40ཟིན་ཉེ་ཡོད་པ་རེད། 
ཉིན་ཤས་གོང་། གནམ་གཤིས་ཚ་བ་ཆེ་བའི་དབང་གིས་དབྱིན་ཇིའི་ལྷོ་རྒྱུད་ས་ཁུལ་ཞིག་ཏུ་ལྕགས་ལམ་ཐོག་མེ་སྐྱོན་བྱུང་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། དེ་ནི་དྲོད་ཚད་ཧ་ཅང་མཐོ་ལ་ལྕགས་ལམ་གྱི་གདན་ཤིང་སྐམ་དྲགས་པས་མེ་སྟག་གིས་བསྒྲོན་པ་རེད་ཅེས་བཤད། 
    དབྱིན་ཇིའི་ལྕགས་ལམ་དྲ་བའི་ཀུང་སི་ཡིས་(Network Rail)ད་དུང་ཐ་ཚིག་བསྒྲགས་དོན། དྲོད་ཚད་མཐོ་བའི་དབང་གིས་ལྕགས་ལམ་སྦོས་པ་དང་དང་ཐ་ན་ཀྱག་ཀྱོག་ཏུ་འགྱུར་སྲིད་པས། མེ་འཁོར་གྱི་མྱུར་ཚད་ཇེ་དལ་དུ་བཏང་ནས་བདེ་འཇགས་འགན་ལེན་མི་བྱེད་ཐབས་མེད་རེད་ཅེས་བཤད། 
    དབྱིན་ཇིའི《འཕྲོད་བསྟེན་ཚགས་པར》ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དབྱིན་ཇིའི་ལྕགས་ལམ་དྲ་བའི་ཀུང་སིས་དམངས་ཚོགས་རྣམསལ་“དགོས་ངེས་མེད་པའི་ཕྱི་ཕྱོགས་སུ་འགྲོ་རྒྱུ”ཉུང་དུ་གཏོང་རྒྱུའི་རེ་འབོད་བྱས་པ་རེད། དྲོད་ཚད་ཀྱིས་རྐྱེན་ཕོག་སླ་བའི་འགྲུལ་པས་ཡུལ་སྐོར་མི་འགྲོ་རྒྱུ་དང་། ཡུལ་སྐོར་འགྲོ་མཁན་གྱིས་ཁོ་ཚོའི་མེ་འཁོར་རྒྱུན་གཏན་ལྟར་འཁོར་སྐྱོད་བྱེད་མིན་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད།“དྲོད་ཚད་མཐོ་བའི་ཆེད་དུ་གྲ་སྒྲིག་ཡག་པོ་བྱེད་དགོས”པའི་གནས་འཕྲིན་སྤེལ་ཡོད། 
ཚེས་15ཉིན་དབྱིན་ཇིའི་འཕྲོད་བསྟེན་བདེ་འཇགས་ཅུས་ཀྱིས་དྲོད་ཚད་མཐོ་བའི་བདེ་ཐང་གི་ཉེན་ཟོན་ཉེན་བརྡའི་རིམ་པ་དེ་རིམ་པ་4བར་མཐོ་རུ་བཏང་བ་དང་། དབྱིན་ཇི་དེ་ཉིད“རྒྱལ་ཁབ་ཀྱི་ཛ་དྲག་རྣམ་པ”སླེབས་པ་རེད།