འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་15ཉིན།

༄༅།།ཚ་གཡོལ་ཡུལ་སྐོར་ལས་ས་མཐོའི་གྲོང་རྡལ་ཆུང་ངུ་དཀར་མཛེས་ལི་ཐང་སྐད་གྲགས་ཆོད་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་15ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་7ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་7པ་ནས་བཟུང་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་པས། ཚ་གཡོལ་ཡུལ་སྐོར་དང་བསྟུན་ནས་ས་མཐོའི་གྲོང་རྡལ་ཆུང་ངུ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་སྐད་གྲགས་ཆོད་ཡོད། མཛེས་སྡུག་ལྡན་པའི་འབུམ་ཡག་རྩྭ་ཐང་དང་མི་རིགས་རིག་གནས་ཀྱི་རྣམ་པ་ཟབ་མོ་ལས་ཉིན་ལྟར་ཡུལ་སྐོར་བ་5000ཙམ་གྱི་ཡིད་དབང་བཀུག་ཡོད།
    རྒྱལ་ལམ་318དུ་གནས་པའི་ལི་ཐང་རྫོང་ནི། ཡུལ་སྐོར་བ་དར་རྩེ་མདོ་ནས་ལྷ་ས་དང་འདབ་པའི་ཉི་སྟེང་དུ་སྐྱོད་སྐབས་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་པས། ཡུལ་སྐོར་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་གི་ཡོད། མིག་སྔ་ནི་ལི་ཐང་རྫོང་གི་གནམ་གཤིས་ཡག་ཤོས་ཀྱི་དུས་ཚིགས་ཡིན་པ་དང་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་25ཙམ་རེད། གསར་འགོད་པས་ལི་ཐང་རྫོང་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་དུས་ལི་ཐང་རྫོང་གི་མཛེས་ལྗོངས་ཁུལ་ཁག་གིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་མུ་མཐུད་མང་དུ་ཕྱིན་ཞིང་། མིག་སྔར་ཡུལ་སྐོར་བ་མགྲོན་ཁང་དུ་སྡོད་ཚད་70%ཡན་ཟིན་ཡོད།
     དགུང་སྔོན་འོག་ཡུལ་སྐོར་བ་ཚོས་མཛེས་ལྗོངས་ལ་ལྟ་བ་དང་། སྒར་བརྒྱབ་ནས་སྡོད་པ། རྟ་བཞོན་པ། པར་རྒྱག་པ་སོགས་ལ་རོལ་ཞིང་། ཚ་དྲོད་ཆེ་བའི་གྲོང་ཁྱེར་ནས་རྩྭ་ཐང་དུ་ཡོང་ནས་སྣང་བ་སྐྱིད་པོའི་སྒོ་ནས་ཚ་གཡོལ་བྱེད་བཞིན་མཆིས། མཛེས་ལྗོངས་ཁུལ་གྱི་རླངས་འཁོར་འཇོག་སའི་ངལ་གསོ་ཁུལ་གྱི་ཚོང་པ་ཚོའི་ཚོང་བྲིན་ཁ་རྒྱུག་པོ་ཡོད་པ་དང་ཧོར་ཆུ་བཀྲ་ཤིས་འབྲོག་རར་ནམ་མཁའི་སྐར་ཚོགས་ལྟར་གྱི་ཞག་སྡོད་བྱེད་མཁན་རླངས་འཁོར་གྱིས་ཁེངས།
    ལི་ཐང་རྫོང་གི་བོད་ཁྱིམ་ཁྲི་སྟོང་གྲགས་ཅན་མཛེས་ལྗོངས་ཁུལ་དུ་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་ཉམས་ལེན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་བོད་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ལ་མྱོང་རོལ་བྱས་པ་རེད། ཐང་ཆེན་དུ་སྙན་འཇེབས་ལྡན་པའི་འགྱུར་ཁུག་དང་བསྟུན་ནས་འཁྲུག་ཆ་དོད་པའི་སྒོར་གཞས་འཁྲབ་པ་དང་སྦྲགས། ཡུལ་སྐོར་བ་ཚོའི་ཡིད་ཀྱི་དབང་པོ་ཅིག་ཅར་དུ་བཀུག་ཡོད།