འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་12ཉིན།

༄༅།།ཐའེ་ཝན་མཚོ་འགག་གི་གྲུ་གཟིངས་ཐོག་མ། 

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་12ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཐའེ་ཝན་མཚོ་འགག་གི་གྲུ་གཟིངས་ཐོག་མ།
   མི་དམངས་དྲ་བའི་འཕྲིན། 2022ལོའི་ཟླ་7ཚེས་11ཉིན་ནི་ཀྲུང་གོའི་མཚོ་འགྲུལ་ཉིན་མོ་ཐེངས་18པ་ཡིན། ཐའེ་ཝན་མཚོ་འགག་གི་སྐོར་གཡེང་རོགས་སྐྱོབ་གྲུ་གཟིངས་ཆེ་གྲས་ཐོག་མ“མཚོ་སྐོར་06”གྲུ་གཟིངས་ཧྥུའུ་ཅན་ཕིང་ཐན་དུ་ཧྥུའུ་ཅན་མཚོ་དོན་ཅུས་ཀྱི་གྲལ་དུ་དངོས་སུ་ཞུགས་པ་རེད། དེས་ཧྥུའུ་ཅན་མཚོ་རྒྱུད་ཀྱི་མཚོ་དོན་ལྟ་སྐུལ་དོ་དམ་ཞབས་ཞུའི་སྟོབས་ཤུགས་ལ་ཤུགས་སྣོན་ནུས་ལྡན་ཐེབས་རྒྱུ་དང་།     ཆུ་ཐོག་འགྲིམ་འགྲུལ་གྱི་གནས་ཚུལ་དོ་དམ་ཚོད་འཛིན་དང་གྲུ་གཟིངས་ཀྱི་ཉེན་ཆེའི་ལས་འཛོལ་འཕྲལ་སྡོམ་ཐག་གཅོད་ཆུ་ཚད་མཐོ་རུ་ཕྱིན་ནས་དངོས་ཟོག་སྐྱེལ་འདྲེན་ཤར་བགྲོད་ཐུབ་རྒྱུ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་བགྲོད་ལམ་བདེ་འཇགས་འགན་ལེན་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་རྒྱུ་རེད།    
   ཤེས་རྟོགས་བྱུང་བར་གཞིགས་ན། “མཚོ་སྐོར་06”གྲུ་གཟིངས་ཀྱི་སྤྱིའི་རིང་ཚད་ལ་སྨི་128དང་། ཞེང་ཚད་ལ་སྨི་16 ཟབ་ཚད་ལ་སྨི་7.9 ཆུ་ཕུད་ཚད་ཏུན་6600མྱུར་ཚད་མཐོ་ཤོས་ལ་དུམ་བུ23 བསྟུད་མར་བསྐྱོད་ཚད་སྤྱི་ལེ་ཁྲི་1བཅས་ཡིན། ཕྱི་ཕྱོགས་ནས་མཁོ་སྤྲོད་མ་བྱས་ན་མཚོ་ཐོག་སྐོར་གཡེང་ཁྲིམས་འཛིན་ཉིན་60བྱེད་ཐུབ། གོ་ལ་ཧྲིལ་པོའི་ལྷོ་བྱང་སྣེ་གཉིས་ཕུད་པའི་མཚོ་ཁོངས་ཀུན་ལ་སླེབས་ཐུབ། གྲུ་འདི་ནི་རླུང་ཤུགས་རིམ་པ་12དང་མཚོ་ཚུལ་རིམ་པ་9པའི་གནས་ཚུལ་འོག་རྒྱང་རིང་དུ་མཚོ་སྐོར་བྱེད་ཐུབ་པ་དང་། རླུང་ཤུགས་རིམ་པ་11དང་མཚོ་ཚུལ་རིམ་པ་7པའི་གནས་ཚུལ་འོག་མཚོ་དོན་ཁྲིམས་འཛིན་བྱེད་སྒོ་སྤེལ་ཐུབ།
༄༅།།ཐའེ་ཝན་མཚོ་འགག་གི་གྲུ་གཟིངས་ཐོག་མ།