འཚོལ་བཤེར།   
藏文频道
2022ལོའི་ཟླ་7ཚེས་1ཉིན།

༄༅།།ཧྥེ་གླིང་རྒྱུད་ཀྱི་བུད་མེད་ཁྲིམས་དཔོན་གྱིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་འགན་བཞེས།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 07ཚེས་01ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཁའེ་ཐན་ཅི་·པུའུ་ལང་·ཅེ་ཁི་ཞུན་(Ketanji Brown Jackson)གྱིས་ས་གནས་དེ་གའི་དུས་ཚོད་ཟླ་6ཚེས་30ཉིན་གྱི་ཉིན་གུང་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོའི་འགན་བཞེས་དམ་བཅའ་བཞག་ནས། དེ་སྔའི་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་རང་དབང་ཕྱོགས་ཁག་གི་ཁྲིམས་དཔོན་ཆེན་མོ་སི་ཏིས་ཧྥུན་·པུའུ་ལེ་ཡེ་ཡི་ཚབ་བྱས་པ་རེད། 
   ཅེ་ཁུ་ཞུན་ནི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོའི་འགན་འཁུར་བའི་ཧྥེ་གླིང་རྒྱུད་ཀྱི་བུད་མེད་ཐོག་མ་དེ་རེད། ཅེ་ཁུ་ཞུན་ནི་1970ལོར་སྐྱེས་པ་དང་། ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་པོ་ཞིག་གི་ངོས་ནས་བཤད་ན་བལྟོས་བཅས་ཀྱིས་ན་གཞོན་ཡིན་ཞིང་། ཚོད་དཔག་བྱས་ན་ཆེས་མཐོའི་ཁྲིམས་ཁང་དུ་ལོ་བཅུ་ཕྲག་ཁ་ཤས་ལ་ཞབས་ཞུ་བྱས་ཆོགས་གནས་དེ་གའི་དུས་ཚོད་ཟླ་2ཚེས་25ཉིན་ཨ་རིའི་ཙུང་ཐུང་པེ་ཏེན་གྱིས་ཅེ་ཁུ་ཞུན་དངོས་སུ་མིང་འདོན་བྱས་ནས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཆེན་མོའི་འགན་འཁུར་རྒྱུ་དང་། ཟླ་4ཚེས་7ཉིན་གྲོས་ཁང་གོང་མས་ཅེ་ཁུ་ཞུན་མིང་འདོན་པར་གྲོས་འཆམ་བྱུང་བ་རེད།
   ཕོ་བྲང་དཀར་པོས་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལ་གཞིགས་ན། ཅེ་ཁུ་ཞུན་ལ་བཅའ་ཁྲིམས་ལས་རིགས་ནང་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་། ཁོ་མོའི་ལས་རིགས་ཀྱི་ལོ་རྒྱུས་ནང་རྒྱལ་ཕྲན་མཉམ་འབྲེལ་གོང་གཏུག་ཁྲིམས་ཁང་གི་ཁྲིམས་དཔོན་དང་། རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན། ཨ་རིའི་བྱས་ཉེས་ཚད་འབེབས་ཨུ་ལྷན་གྱི་ཁོངས་མི། སྒེར་གྱི་ལས་གཉེར་ཁྲིམས་རྩོད་པ་དང་རྒྱལ་ཕྲན་མཉམ་འབྲེལ་གྱིས་བཙུགས་པའི་དག་འབུད་པ་སོགས་ཚུད་ཡོད་པ་རེད།