འཚོལ་བཤེར།   
藏文频道
2022ལོའི་ཟླ་6ཚེས་24ཉིན།

༄༅།།6Gམགྱོགས་པོར་ཐོན་རྒྱུ་རེད་དམ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 06ཚེས་24ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། ཚེས་21ཉིན། ཀྲུང་གོའི་སྒུལ་བདེ་ཡིས་ཕྱི་ཕྱོགས་སུ《6Gདྲ་རྒྱའི་སྒྲོམ་གཞིའི་ལག་རྩལ་གྱི་རྒྱབ་ཤ་དཀར་པོའི་དེབ》ཁྱབ་བསྒྲགས་བྱས་པ་དང་། དེའང་ལས་རིགས་སུ་6Gདྲ་རྒྱའི་སྒྲོམ་གཞི་ཇུས་འགོད་ཐད་མ་ལག་ལྡན་པའི་ངང་ཁྱབ་བསྒྲགས་བྱེད་ཐེངས་དང་པོ་རེད། དེ་ན། མིག་སྔར་6Gཡི་ཞིབ་འཇུག་གི་འཕེལ་རིམ་ཅི་འདྲ་ཡིན་ནམ།
   6Gནི་5Gརྗེས་ཀྱི་རབས་གསར་པའི་སྒུལ་བདེའི་འཕྲིན་གཏོང་ལག་རྩལ་ཡིན་པ་དང་།མིག་སྔར་ཞིབ་འཇུག་གི་དུས་རིམ་དུ་གནས་ཡོད། ད་ཐེངས་ཁྱབ་བསྒྲགས་བྱས་པའི《6Gདྲ་རྒྱའི་སྒྲོམ་གཞིའི་ལག་རྩལ་གྱི་རྒྱབ་ཤ་དཀར་པོའི་དེབ》ནང་6Gདྲ་རྒྱའི་སྒྲོམ་གཞིའི་སྤྱིའི་ཇུས་འགོད་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་བྱས་པ་དེའི་ནང་དྲ་རྒྱའི་གནས་སྟངས་དང་། རྩ་འཛུགས་གྲུབ་ཆ། ནུས་པ་དབྱེ་འབྱེད་སོགས་ཀྱི་ནང་དོན་ཚུད་ཡོད་པ་རེད།
   ཀྲུང་གོའི་སྒུལ་བདེའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀའོ་ཐུང་ཆིང་གིས། 6Gལག་རྩལ་གྱིས་གནམ་ས་གཞི་གཅིག་ཅན་དང་། རིག་ནུས་ནང་སྐྱེས། བདེ་འཇགས་ནང་སྐྱེས། ལྗང་མདོག་ཐཱན་ཉུང་བཅས་ཀྱི་དྲ་རྒྱ་ཞིག་བསྐྲུན་རྒྱུ་དང་། སྟོང་ཟུར་སྐར་ཆ་མན་གྱི་རིམ་པའི་བརྒྱུད་གཏོང་མྱུར་ཚད་ལྡན། དེ་བཞིན་འབྲེལ་མཐུད་དང་། རྩིས་རྒྱག་པ། AI(མིས་བཟོས་རིག་སྟོབས)སོགས་ཕྱོགས་བསྡུས་ནུས་པ་གཞི་གཅིག་ཅན་གྱི་ཞབས་ཞུ་མཁོ་འདོན་བྱ་ཐུབ་པ་བཤད། 
   རིགས་གཅིག་མཁས་ཅན་གྱིས། སྲུང་སྐར་དྲ་སྦྲེལ་གྱི་འཕྲིན་གཏོང་སོགས་ལག་རྩལ་ལ་བརྟེན་ནས། 6Gཡིས་མིག་སྔའི་5Gཡི་རྒྱང་རིང་ལུང་ཁུག་དང་། རྒྱ་མཚོ་སོགས་ས་ཁོངས་སུ་དྲ་རྒྱའི་བརྡ་རྟགས་མི་འདང་བའི་གནད་དོན་ལ་ཁ་གསབ་ཐུབ་རེ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། མིག་སྔར་རང་རྒྱལ་དུ་5Gལོ་གསུམ་ལ་དངོས་སུ་སྤྱད་པ་དང་། 5Gསྒུལ་བདེའི་ཁ་པར་སྤྱོད་མཁན་དུང་ཕྱུར་4ལས་བརྒལ་ཡོད་པ་རེད། སྒུལ་བདེའི་འཕྲིན་གཏོང་ལག་རྩལ་གྱི་ལོ་10ཙམ་ནང་རབས་གསར་པ་བརྗེ་བའི་ཆོས་ཉིད་ལ་གཞིགས་ན། 2030ལོ་ཡས་མས་སུ་6Gསྤྱོད་ཐུབ་རྒྱུའི་རེ་བ་ཡོད་བཤད།